མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གློག་བརྙན་དྷ་སའི་མང་ཚོཊ་ལ་གཟིཊ་འབུལ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་ནང་གི་ནོར་གླིང་སྒྲ་དབྱངས་ཚོགས་པས་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གློག་བརྙན་དྷ་སའི་མི་མང་ལ་གཟིགས་འབུལ་ཐོག སྤྱི་འཐུས་ཚོགས་གཙོ་མཆོག་གིས་མང་ཚོགས་གང་མང་གློག་བརྙན་བལྟ་རུ་ཕེབས་དགོས་པའི་འབོད་སྐུལ་གནང་སོང་།

མདང་ནུབ་ཆུ་ཚོད་ ༦།༣༠ ཐོག་མེག་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་ཚོགས་པའི་གོ་སྒྲིག་འོག འབྲུག་ནང་རྟེན་གཞི་བྱས་པའི་ནོར་གླིང་སྒྲ་དབྱངས་ཚོགས་པས་བཟོ་སྐྲུན་གནང་བའི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གློག་བརྙན་བཞུགས་སྒར་ལ་ཐེངས་དང་པོར་སྟོན་པའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུས། དམངས་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ་དང་སྲི་ཞུ་ལས་བྱེད་ཁག་ཅིག དྷ་ས་ཁུལ་གྱི་མང་ཚོགས་བཅས་འདུ་འཛོམས་གནང་སོང་།

གློག་བརྙན་མགོ་འཛུགས་མ་ཞུས་སྔོན་ལ་ནོར་གླིང་སྒྲ་དབྱངས་ཚོགས་པའི་ལས་བྱེད་བསྟན་འཛིན་འབྱུང་གནས་ལགས་ཀྱིས་ངོ་སྤྲོད་གནང་དོན། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི། བོད་ཀྱི་ལྷ་གཞུང་ཆེ་ཁག་བརྒྱད་ཀྱི་ནང་གསེས་གཅིག་ཡིན་པ་དང་། ནམ་རྒྱུན་ལྷ་གཞུང་འཁྲབ་སྐབས་ཉིན་གང་འཁྲབ་སྟོན་ཞུ་དགོས་སྟབས། འཁྲབ་མཁན་རྣམས་དཀའ་ངས་ཁག་པོ་ཡོད་པ་མ་ཟད། གཟིགས་མོ་གཟིགས་མཁན་རྣམས་ཀྱང་དུས་ཚོད་རིང་པོ་གཏོང་དགོས་པ་སོགས་ཀྱི་སྐུ་ངལ་ཡོད་སྟབས། ད་ཐེངས་ང་ཚོས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འདི་དེང་དུས་དང་མཐུན་པའི་ལམ་ནས་འཁྲབ་སྟོན་ཞུས་པ་ཡིན། འཁྲབ་སྟོན་པ་རྣམས་བོད་ཀྱི་ཟློས་གར་ཚོགས་པ་དང་། འབྲུག་ཏུ་ཡོད་པའི་བོད་མི་དང་འབྲུག་པ་བཅས་མཉམ་རུབ་ཐོག་འཁྲབ་སྟོན་ཞུས་ཡོད་པ་མ་ཟད། ལྟད་མོའི་སྐད་ཀྱང་བོད་སྐད་དང་འབྲུག་སྐད་གཉིས་ཐོག་བཟོ་སྐྲུན་ཞུས་ཡོད། གློག་བརྙན་འདི་ནི་ང་ཚོའི་ནང་ཆོས་ངོས་ནས་བཤད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེ་བ་ ༥༠༠ དང་མ་དག་པའི་སྐྱེ་བ་ ༥༠༠ བཞེས་པའི་ཁྲོད་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོན་པའི་ལོ་རྒྱུས་ཤིག་ཆགས་ཡོད་ཅིང་། ལོ་རྒྱུས་འདི་ནི་བོད་དང་འབྲུག་ནང་བྱུང་བ་ཞིག་མིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་རྒྱ་གར་གྱི་རྒྱལ་པོ་ཧཱ་རེ་ཅན་དྷ་ར་ཞུ་བ་དེའི་ལོ་རྒྱུས་ཡིན་པ་མ་ཟད། རྒྱལ་པོ་དེས་མིག་སྦྱིན་པ་བཏང་བ་དང་། བྱམས་སྙིང་རྗེ་དང་སེམས་བཟང་པོ་བྱེད་དགོས་པ་སོགས་གཞན་ཕན་གྱི་བསླབ་བྱ་བཟང་པོ་དག་དད་ལྡན་ཚོར་བུམ་པ་གང་བྱོའི་ཚུལ་དུ་ཕུལ་བའི་རྣམ་ཐར་ཆགས་ཡོད་སྟབས། ང་ཚོས་དཔལ་འབྱོར་འདུ་འགོད་དང་། ཚོང་གི་ཁེ་ཕན་གཅིག་པུའི་དོན་དུ་མིན་པར་དེང་རབས་འཛམ་གླིང་འདིའི་ཐོག་བྱམས་པ་དང་སྙིང་རྗེ། ཡ་རབས་སྤྱོད་བཟང་སོགས་ཀྱི་ཕོངས་ཏེ་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་ལྟར། འཛམ་གླིང་མི་མང་སྤྱི་དང་། ལྷག་པར་ང་ཚོ་བོད་རིགས་དང་ཡང་སྒོས་བོད་རིགས་ན་གཞོན་རྣམས་ལ་བྱམས་བརྩེ་དང་། ཡ་རབས་བཟང་སྤྱོད་སོགས་ཀྱི་མིག་དཔེ་དང་བསླབ་བྱ་བཟང་པོ་ཞིག་ཐོབ་ཆེད་བཟོ་ སྐྲུན་བྱས་པ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ད་བར་ང་ཚོའི་གློག་བརྙན་བཟོ་སྐྲུན་ཁང་གིས་༼ཚེ་སྔོན་ལས་འགྲོ༽དང་། ༼འཇིགས་བྲལ༽༼བུ་བཀྲིས༽སོགས་རིགས་མི་འདྲ་བའི་གློག་བརྙན་གསུམ་བཟོས་ཡོད་པ་མ་ཟད། འབྲུག་ནང་གློག་བརྙན་བཟོ་མཁན་ཐོག་མ་དེ་ཡང་ཆགས་ཡོད། དྲི་མེད་ཀུན་ལྡན་གྱི་གློག་བརྙན་འདི་༧གོང་ས་མཆོག་གིས་མོན་གྷོ་འདོད་དགུ་གླིང་དུ་ལམ་རིམ་གསུང་ཆོས་བསྩལ་སྐབས་ཐོག་མ་བསྟན་ཡོད་པ་མ་ཟད། དེའི་རྗེས་གནས་མཆོག་རྡོར་རྗེ་གདན་དུ་ཉིན་དྲུག་དང་། སྤེལ་ཀོབ་ཉིན་གསུམ་བསྟན་རྗེས། ད་ཆར་དྷ་རམ་ས་ལར་ཡོང་ནས་ཉིན་བཞི་ལྔ་ཞིག་ལ་སྟོན་རྒྱུའི་འཆར་གཞི་སྒྲིག་ཡོད། ད་བར་གློག་བརྙན་འདིར་འབྲུག་ནང་གློག་བརྙན་དང་ཆས་གོས། སྒྲ་སྒྲིག་སྦྱོར་དང་རིག་གཞུང་ལེགས་ཤོས་སོགས་ཀྱི་བྱ་དགའ་མི་འདྲ་བ་ལྔ་ཐོབ་ཡོད་པ་མ་ཟད། ༢༠༡༤ ལོའི་ཟླ་ ༡༠ ནང་འབྲུག་ནང་ཐེངས་དང་པོ་སྟོན་སྐབས་རྒྱ་ཆེའི་མང་ཚོགས་ཧ་ཅང་ཉེས་པོ་བྱུང་སྟེ། ཁ་ཤས་ཀྱིས་ཐེངས་བཅུ་ལྷག་ལྟ་མཁན་བྱུང་འདུག ང་ཚོས་གློག་བརྙན་འདི་བཟོ་སྐྲུན་བྱེད་པར་ལོ་གཅིག་ཙམ་འགོར་ཡོད་པ་མ་ཟད། ད་བར་ཧིན་སྒོར་འབུམ་ ༡༣༠ ཙམ་གྱི་འགྲོ་གྲོན་བཏང་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གློག་བརྙན་བཟོ་སྟངས་ཐོག་གསུངས་དོན། གློག་བརྙན་བཟོ་མཁན་གྱིས་གློག་བརྙན་བཟོས་རྗེས་མི་གང་མང་ཞིག་གིས་གཟིགས་རྒྱུའི་རེ་བ་བསྐྱོན་གྱི་ཡོད་པ་རེད། ད་ཐེངས་འབྲུག་གི་ནོར་གླིང་སྒྲ་དབྱངས་ཀྱིས་སྐུ་ལས་མང་པོ་ཞིག་བསྐྱོན་ཏེ་གློག་བརྙན་འདི་བཟོ་སྐྲུན་བྱས་ཡོད་པ་མ་ཟད། དེ་རིང་ཆེད་མངག་ནོར་གླིང་སྒྲ་དབྱངས་དང་ཐང་སྟོང་གླུ་གར་ཐུན་མོང་གིས་བོད་ མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་ཚོར་དམིགས་བསལ་གཟིགས་འབུལ་ཞུས་པ་རེད། གནམ་གཤིས་ཀྱི་རྐྱེན་པས་ཡིན་ན་རེད། གང་ལྟར་མང་པོ་ཞིག་ཕེབས་ཐུབ་མི་འདུག སང་ཉིན་ནངས་ཉིན་མུ་མཐུད་སྟོན་རྒྱུ་ཡིན་དུས། མི་མང་གང་མང་ཞིག་གཟིགས་མོ་གཟིགས་བར་ཕེབས་ཐུབ་ཚེ། ཁོ་ཚོས་འགྲོ་སོང་བཏང་བ་དེར་ཐུགས་ཕན་གསོས་པ་ཞིག་ཡོང་རྒྱུ་ཡིན་པ་མ་ཟད། གློག་བརྙན་གྱི་ནང་དོན་གཙོ་བོ་དེ་ཡང་ང་ཚོ་བོད་པའི་རིག་གཞུང་དང་འབྲེལ་བ་ཡོད་པ་ལྷ་མོའི་གཞུང་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་མང་པོ་ཞིག་ཡོད་སྟབས། མང་ཚོགས་ལ་ཁྱབ་བསྒྲགས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ངས་གོ་ཐོས་ལ་གློག་བརྙན་འདིར་འབྲུག་ནང་གཟེངས་བསྟོད་ཞིག་ཐོབ་ཡོད་པ་མ་ཟད། རེ་བར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཚོགས་བཞིན་ཡོད་པ་དེ་དག་ནང་འཛུལ་ཞུགས་གནང་ཐུབ་པ་ཙམ་མིན་པར། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་མང་ཚོགས་དག་གིས་གློག་བརྙན་འདི་ལྟ་ཐུབ་པ་དང་འབྲེལ་འདིའི་བསླབ་བྱ་ཁག་ལེན་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་ཐང་སྟོང་གླུ་གར་གྱི་འགན་འཛིན་ཕུན་ཚོགས་ཚེ་རིང་ལགས་སུ་གློག་བརྙན་བལྟས་རྗེས་མྱོང་ཚོར་གང་བྱུང་དྲིས་པར་ཁོང་གིས། ང་རང་ཆུང་དུས་ནས་བཟུང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་བྱེད་མཁན་ཞིག་ ཡིན་སྟབས། ནམ་རྒྱུན་གློག་བརྙན་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་ཀྱང་། དེ་རིང་གློག་བརྙན་འདི་གཞན་དང་མི་འདྲ་བར་སྤུས་དག་པོ་དང་འཁྲབ་མཁན་ཡག་པོ། གྱོན་ཆས་ལེགས་པོ་དང་གྲལ་སྒྲིག་པོ་ཡོད་པ་སོགས་ཕྱོགས་གང་ཅིའི་ཐད་ནུབ་ཕྱོགས་པའི་གློག་བརྙན་བཟོ་སྟངས་ལྟར་བཟོས་ཡོད་པ་མཐོང་བྱུང་ལ། བཙན་བྱོལ་གྱི་གློག་བརྙན་ཁྲོད་ནས་དྲག་གྲས་ཤིག་རེད་བཞག་བསམ་པ་ཞིག་ཀྱང་དྲན་བྱུང་། ད་ཐེངས་ང་ཚོ་གོ་སྒྲིག་ཚོགས་ཆུང་ངོས་ནས་དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་ཚོ་གློག་བརྙན་གཟིགས་པར་མགྲོན་འབོད་ཞུས་ཡོད་ཀྱང་། ད་ཐེངས་མཛད་གཙོ་བ་དང་སྲི་ཞུ་ལས་བྱེད་མང་ཆེ་བ་ཕེབས་ཐུབ་མེད་པ་དེར་ཏོག་ཙམ་བློ་ཕམ་བྱུང་། ཞེས་སོགས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

སྐར་མ ༣༠ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese