མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་པ་ཀི་སི་ཐན་བར་དམག་དོན་གྲོས་མཐུན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གཞུང་གིས་གྲོས་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ཚེ་པ་ཀི་སི་ཐན་དང་ཨ་སྒོར་ཐེར་འབུམ་གཅིག་མ་ཟིན་ཙམ་གྱི་དམག་དོན་གྲོས་མཐུན་འཇོག་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཨ་རིའི་གཞུང་གིས་ད་རེབ་གྲོས་ཚོགས་ཀྱིས་པ་ཀི་སི་ཐན་དང་ཨ་རིའི་བར་གྱི་དམག་དོན་གྲོས་འཆར་ལ་རྒྱབ་སྐྱོར་འཐོབ་ཚེ། པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་གཅིག་མ་ཟིན་ཙམ་གྱི་དམག་དོན་གྲོས་མཐུན་བཞག་སྟེ། དམག་རྒྱག་གནམ་གྲུ་དང་མཚོན་ཆ་ཁག་ཅིག་ཕྱིར་ཚོང་བྱས་ཏེ། པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིའི་བདེ་སྲུང་མཉམ་འབྲེལ་ཚོགས་པས་(DSCA) རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ཐོག “ཨ་རིའི་གཞུང་གིས་པ་ཀི་སི་ཐན་དང་ཨ་སྒོར་ས་ཡ་ ༩༥༢ ཀྱི་དམག་དོན་གྲོས་མཐུན་ཞིག་བཞག་སྟེ། པ་ཀི་སི་ཐན་ལ་ཨ་རིའི་དམག་རྒྱག་ཐད་འཕུར་གནམ་གྲུ་ (AH-1) རྟགས་ཅན་ ༡༥ དང་། (Hellfire) ཞེས་པའི་སྒྱོགས་མདེལ་ ༡༠༠༠། དེང་རབས་ཅན་གྱི་དམག་བཀོལ་འཕྲུལ་ཆས་དང་ཕྱོགས་སྟོན་མཁོ་ཆས་ཁག་ཅིག་འཚོང་རྒྱུ་ཡིན། ཐད་འཕུར་གནམ་གྲུ་དང་དམག་དོན་བཀོལ་སྤྱོད་འཕྲུལ་ཆས་དེ་དག་ནི་འཇིགས་སྐུལ་རིང་ལུགས་པ་དང་། དྲག་སྤྱོད་ཤོག་ཁག་ལ་ཆེད་མངགས་དམིགས་ནས་བཟོས་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཨབ་གྷན་ས་མཚམས་རི་རྒྱུད་དུ་ཡིབ་སྡོད་བྱེད་མཁན་ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་ལ་གདོང་ལེན་བྱ་ཆེད་བཟོས་པ་ཞིག་རེད།”ཅེས་བརྗོད་འདུག

དབྱིན་ཡུལ་ཆ་འཕྲིན་དང་རྒྱ་གར་ཧིན་རྡུ་དུས་བབ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ལོ་ཤས་གོང་ནས་བཟུང་པ་ཀི་སི་ཐན་ལ་ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་། ཨི་རན་དང་ས་འབྲེལ་ཡིན་པའི་ཁ་བྲལ་རིང་ལུགས་པ་ཚོས་གཏོར་རྒོལ་དང་མི་གསོད་ཁྲག་སྦྱོར་བྱས་ཏེ། ད་བར་གཞུང་དམག་དང་ཉེས་མེད་མི་སེར་ ༦༢༥༡ ལྷག་བསད་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་གཏོར་བརླག་བཏང་སྟེ། རྒྱལ་ནང་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས། ལོ་རེའི་སྔོན་རྩིས་ནས་ཨ་སྒོར་ཐེར་འབུམ་ ༧ དམག་དོན་དང་ཉེན་རྟོག་པའི་འགོག་སྲུང་ཐོག་གཏོང་གི་ཡོད། ༢༠༡༠ ནས་ ༢༠༡༤ ལོའི་བར་པ་ཀི་སི་ཐན་གྱིས་དམག་དོན་མཚོན་ཆ་དང་འཕྲུལ་ཆས་བརྒྱ་ཆ་ ༥༠ ཙམ་རྒྱ་ནག་ནས་ནང་འདྲེན་བྱས་ཡོད་པ་མ་ཟད། ཟླ་རྗེས་མའི་ནང་ཨ་སྒོར་ཐེར་འབུམ་ ༤ ནས་ ༥ བར་སྤྲད་དེ་བྱིངས་གྲུ་ ༨ ཉོ་རྒྱུའི་གྲོས་ཆོད་བཞག་ཡོད། ད་ཐེངས་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་འཐོབ་ཚེ་ཨ་རི་དང་ཨ་སྒོར་ས་ཡ་ ༩༠༠ ལྷག་གི་དམག་དོན་གྲོས་མཐུན་འཇོག་རྒྱུ་ཡིན་ཞེས་བཀོད་འདུག

དེ་རིང་ཨ་རིའི་བདེ་སྲུང་མཉམ་འབྲེལ་ཚོགས་པས་བསྒྲགས་གཏམ་སྤེལ་བའི་ནང་། “ད་ཐེངས་ཀྱི་དམག་དོན་གྲོས་འཆར་འདིས་ཨ་རིའི་ལྷོ་ཤར་ཨེ་ཤ་ཡའི་ཕྱི་སྲིད་དང་རྒྱལ་སྲུང་བདེ་འཇགས་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་རྒྱུ་ཡིན་པ་མ་ཟད། པ་ཀི་སི་ཐན་གཞུང་ལའང་ཝ་ཛི་རི་ཐན་མངའ་སྡེའི་ནུབ་ཁུལ་དང་གྲང་ངར་ཆེ་ཞིང་ས་འབབ་མཐོ་བའི་རི་ཁུལ་གྱི་ཁ་བྲལ་རིང་ལུགས་པ་ཚོར་རྒོལ་ལན་སློག་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཨ་རིས་པ་ཀི་སི་ཐན་ལ་དམག་དོན་མཚོན་ཆ་ཕྱིར་ཚོང་བྱ་འཆར་ཡོད་པ་དེས། མ་འོངས་པར་ཨེ་ཤ་ཡའི་མངའ་ཁུལ་གྱི་བརྟན་ལྷིང་དང་དམག་དོན་དོ་སྙོམ་ལ་འགྱུར་བ་གང་ཡང་ཐེབས་མི་སྲིད།”ཅེས་སོགས་བཀོད་འདུག

ཨོ་སི་ཌོ་ལི་ཡའི་པ་ཀི་སི་ཐན་གྱི་དམག་དོན་ལས་བྱེད་པ་དང་རྩོམ་པ་པོ་བྷེན་ཁཱོ་ལི་ (Brian Cloughley) ཡིས་བདེ་སྲུང་གསར་འཕྲིན (Defense News) ཞེས་པའི་ཐོག “པ་ཀི་སི་ཐན་ལ་གྲོས་མཐུན་དེ་གལ་ཆེན་པོ་གཉིས་ཆགས་ཡོད་པ་ནི། གཅིག་ནས་པ་ཀི་སི་ཐན་ལ་འཛམ་གླིང་ཐོག་གི་དམག་རྒྱག་ཐད་འཕུར་གནམ་གྲུ་རྩེ་ཕུད་ཁག་ཅིག་རག་པ་དང་། གཉིས་ནས་རྒྱལ་སྤྱིའི་མང་ཚོགས་ཀྱིས་ཨ་རིས་པ་ཀི་སི་ཐན་བསྐྱུར་བ་རེད་ཟེར་བ་དེ་བསྐྱུར་མེད་པ་ར་སྤྲོད་བྱས་པ་རེད། ཡིན་ཡང་གལ་སྲིད་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་འཆར་དེར་བཀག་འགོག་བྱས་ནས་གྲོས་མཐུན་འཇོག་མ་ཐུབ་ཚེ། ཨ་རིས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་དགོས་སྐོར་ཟེར་བ་དེ་རྫུན་གཏམ་ཆགས་ཀྱི་རེད”ཅེས་བརྗོད་འདུག

པ་ཀི་སི་ཐན་གྱི་དམག་དོན་ཆེད་མཁས་པ་ཧཱ་རེ་སེ་ཁཱན་ (Haris Khan) གྱིས་པ་ཀི་སི་ཐན་གྱི་སྐྱ་རེངས་ཐོག དམག་དོན་གྲོས་འཆར་དེ་གཞི་རྒྱ་ཆེན་པོ་མེད་ཀྱང་། སྦྲུལ་དུག་པ་ཅན་ཝེ་པར་ (Vipers) གྱིས་ཉུང་མཐར་དུག་སྦྲུལ་གདེངས་ཀ་ཅན་ཀོབ་ར་ (Cobra) ཁག་ཅིག་བརྗེ་པོ་ཐུབ་རྒྱུ་མ་ཟད། དེ་ནི་རྒྱ་ནག་གིས་པ་ཀི་སི་ཐན་ལ་དམག་རྒྱག་ཐད་འཕུར་གནམ་གྲུ་ (WZ-10) རྟགས་ཅན་གསུམ་དང་། ཨུ་རུ་སུས་ (Mi-35 Hinds) རྟགས་ཅན་ ༢༠ ལྷག་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་བྱས་རྗེས་བྱུང་བ་ཞིག་ཡིན་སྟབས། མ་འོངས་པར་པ་ཀི་སི་ཐན་གྱི་གོ་མཚོན་འཕེལ་རྒྱས་དང་། སྟོབས་ཆེན་རྒྱལ་ཁབ་གསུམ་དབར་འགྲན་རྩོད་ཞིག་ཀྱང་ཡོང་གི་ཡོད་པ་གསལ་བཤད་བྱས་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༩ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese