མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་བལ་ཡུལ་གྱི་བོད་མི་ ༡༣ རྐྱེན་འདས་སུ་སོང་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་ཚད་རིམ་ ༧།༩ ཅན་ཞིག་བརྒྱབ་སྟེ་ད་བར་མི་ ༨༡༦༤ གྲོངས་པ་དང་མི་ ༡༦༤༧༢ ལ་རྨས་སྐྱོན་ཕོག་ཡོད་པ། མི་ས་ཡ་ ༢།༩ ལྷག་ས་ཆ་གཞན་ལ་གནས་སྤོ་བྱེད་དགོས་ཐུག་ཡོད་པ་དང་། གཞན། བལ་ཡུལ་གནས་སྡོད་བོད་མི་ ༡༣ དང་བོད་ནང་བོད་མི་ ༢༨ གྲོངས་ཡོད་པ་མ་ཟད། བོད་མི་ ༡༠༠ ལྷག་ལ་རྨས་སྐྱོན་དང་ཁང་པ་ ༦༣༢༠ དང་དགོན་སྡེ་ ༣༠ ལྷག་ལ་ཚད་མི་འདྲ་བའི་གཏོར་སྐྱོན་སོགས་ཐེབས་སྟེ་བོད་མི་ ༡༨༧༩༤༧ ལྷག་ལ་གནོད་འཚེ་ཕོག་ཡོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ། བལ་ཡུལ་དུ་བོད་མི་ག་ཚོད་གྲོངས་པ་དང་། དེ་དག་ཇི་ལྟར་གྲོངས་ཡོད་མེད་དྲིས་པར་ཁོང་གིས། བལ་ཡུལ་ལ་ས་ཡོམ་གོད་ཆག་ཁྲོད་བལ་ཡུལ་གྱི་འབྲེལ་མཐུད་པ་བརྒྱུད་ང་ཚོར་གནས་ཚུལ་འབྱོར་བར་གཞིགས་ན་བོད་མི་རྒན་པ་མི་ ༧ དང་ཕྲུ་གུ་ ༣ ། ཡུལ་མི་བོད་པའི་བཟའ་ཟླ་ཡིན་པ་གཉིས་དང་བཙུན་མ་གཅིག་བཅས་ཁྱོན་བོད་མི་ ༡༣ འདས་གྲོངས་ཕྱིན་འདུག ད་ལྟ་ང་ཚོས་དེ་ཚོའི་ཐོག་ལ་བལ་ཡུལ་གྱི་འབྲེལ་མཐུད་དང་ས་གནས་མགོ་འཛིན་ཁག དེ་བཞིན་བལ་ཡུལ་གནས་སྡོད་སྤྱི་འཐུས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་བཞག་གིས་གོད་ཆག་བྱུང་བའི་བོད་མི་ཚོའི་གནས་སྟངས་ལ་ཞིབ་འཇུག་དང་རྨས་མ་ཚོར་རོགས་པ་ཞུ་བསྡད་ཡོད། ཁོ་ཚོ་ཁག་གཅིག་ཁང་པའི་རྩིག་པ་ལོག་ནས་འདས་གྲོངས་ཕྱིན་པ་དང་། ཁག་གཅིག་མཐའ་མཚམས་ཁུལ་དུ་ཁང་པ་ལོག་ནས་གྲོངས་པ་བྱུང་འདུག དེ་ཡང་བལ་ཡུལ་མཆོད་རྟེན་ཁུལ་གནས་སྡོད་བྱེད་མཁན་གྱི་ལོ་ན་ ༣༠ ལ་སོན་པའི་འཆི་མེད་ལགས་ཁང་པའི་རྩིག་པ་ལོག་ནས་གྲོངས་ཡོད་པ་དང་། བག་ཁང་སེང་བྲག་དགོན་པའི་བཙུན་མ་གཅིག་དགོན་པའི་རྩིག་པ་ལོག་ནས་གྲོངས་ཡོད་པ་མ་ཟད། བཙུན་མ་གཉིས་ལ་རྨས་སྐྱོན་ཕོག་འདུག དེ་བཞིན་འཕགས་ཤིང་ནས་ལོ་ན་ ༢༩ སོན་པ་སངས་རྒྱས་ཕུར་བུ་དང་། བལ་བོད་ས་མཚམས་འགྲམ་ནང་ཚོང་ལས་གཉེར་བཞིན་ཡོད་པའི་ལོ་ན་ ༤༥ སོན་པ་རྡོ་རྗེ་བཅས་ཡིན་པ་མ་ཟད། དེ་འཕྲོས་བོད་མི་རྣམས་གླང་ཐང་རྫོང་དུ་གངས་རུད་འོག་ཚུད་ནས་གྲོངས་འདུག ཅེས་གསུངས་བྱུང་།

ཁོང་ལ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ད་བར་ས་ཡོམ་གོད་ཆག་རྐྱེན་པས་བོད་ནང་བོད་མི་ ༢༨ ཙམ་གྲོངས་ཡོད་སྐོར་རྗོད་བཞིན་ཡོད་ཀྱང་། བོད་ནང་གི་བརྙན་པར་སོགས་ལ་ལྟ་སྐབས་མི་དེ་ལས་མང་བ་གྲོངས་མིན་འགྲོ་བསམ་པ་ཞིག་འདུག དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གང་འདྲ་གནང་གི་ཡོད་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་བརྙན་འཕྲིན་བརྒྱུད་ལམ་ཁག་ལྟར་ན། བལ་ཡུལ་གྱི་ས་མཚམས་ཁུལ་དུ་ཡོད་པའི་གཉའ་ལམ་དང་འགྲམ། སྐྱིད་གྲོང་དང་ས་དགའ། དིང་རི་དང་སྤུ་ཧྲེང་གཙོས། ལྷ་ས་དང་ཀོང་པོ་ཉིང་ཁྲི་ཁུལ་དུའང་ས་ཡོམ་གྱི་ཤུགས་སྐྱོན་ཐེབས་ཡོད་པ་མ་ཟད། བོད་ནང་མི་ ༢༨ རྐྱེན་འདས་དང་སྐྱིད་གྲོང་ཁུལ་གྱི་ཁང་པ་བརྒྱ་ཆ་ ༩༨ ཙམ་ལ་སྐྱོན་ཤོར་ཡོད་པ་དང་། གཞིས་ཀ་རྩེ་ནས་འགྲམ་བར་གྱི་གཞུང་ལམ་འགག་ནས་དུས་ཚོད་ཏག་ཏག་ལ་འབྱོར་ཐུབ་ཀྱི་མེད་པ། བོད་ཀྱི་ལུང་ཁུག་ཁག་ལ་རྒྱ་མིའི་དམག་མིས་མྱུར་སྐྱོབ་བྱེད་བཞིན་པ་སོགས་སྟོན་གྱི་ཡོད་སྟབས། མི་ ༢༨ ཟེར་བ་དེ་ཉུང་མཐར་ལབ་ཀྱི་ཡོད་པ་རེད་མ་གཏོགས་དངོས་ཡོད་ཐོག་དེ་ལས་མང་བ་ཡིན་པ་ཁོ་ཚོའི་བརྒྱུད་ལམ་ཁག་ལ་བལྟས་ན་གསལ་པོ་ཆགས་ཀྱི་འདུག ལྷག་པར་དུ་ལྷ་ས་གཙོ་བྱས་བོད་ཀྱི་ས་ཁུལ་མང་པོ་ཞིག་ནས་ས་ཡོམ་གོད་ཆག་དེ་ཞེ་དྲགས་ཚབས་ཆེན་པོ་དང་། དེ་ལ་མི་མང་གིས་རོགས་རམ་དང་བློ་འཚབ་བྱེད་སྟངས། མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་སྟངས་བཅས་ལ་བལྟས་པ་ཡིན་ན། མི་མང་པོ་ཞིག་འདས་གྲོངས་ཕྱིན་ཡོད་པ་མ་ཟད། གནས་སྟངས་ཧ་ཅང་ཚབས་ཆེན་པོ་ཆགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་བྱུང་།

གསར་འགོད་པས་ཁོང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་གྱི་ས་ཡོམ་ཁྲོད་གོད་ཆག་བྱུང་བ་དག་ལ་ངལ་སེལ་རོགས་དངུལ་བལ་སྒོར་འབུམ་ ༦༠ དང་། ༧གོང་ས་མཆོག་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དགོན་སྡེ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཀྱིས་ཀྱང་ཞལ་འདེབས་གནང་ཡོད་སྟབས། དེ་ཚོ་གང་འདྲ་བྱས་ནས་བགོ་བཤའ་རྒྱག་གི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་འཛམ་བུ་གླིང་ཐོག་འབྱུང་བའི་གོད་ཆག་གང་འདྲ་ཞིག་བྱུང་བ་ཡིན་ཡང་དེར་བློ་འཚབ་དང་སྨོན་ལམ་འདོན་རྒྱུ། རོགས་པ་བྱ་རྒྱུ་སོགས་ནམ་རྒྱུན་བྱེད་བསྡད་ཀྱི་ཡོད་པ་རེད། བལ་ཡུལ་ནི་རྒྱལ་རབས་ལོ་རྒྱུས་ཐོག་ནས་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཀྱང་ཆགས་ཡོད། ལྷག་པར་དུ་བལ་ཡུལ་ནང་བོད་མི་བཙན་བྱོལ་བ་མང་པོ་ཞིག་གནས་སྡོད་བྱེད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་བལ་སྒོར་འབུམ་ ༦༠ ཞལ་འདེབས་ཕུལ་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཐེབས་རྩ་དང་རྒྱལ་དབང་ཀརྨ་པ་གཙོས་པའི་བླ་ཆེན་ཁག་གིས་བལ་ཡུལ་གྱི་ས་ཡོམ་གོད་ཆག་ཆེད་ངལ་སེལ་རོགས་དངུལ་འབུལ་རྒྱུ་ཡིན་གསུངས་ཡོད་པ་རེད། ༧གོང་ས་མཆོག་གི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་དག་བལ་ཡུལ་སྐུ་ཚབ་དོན་གཅོད་བརྒྱུད་ནས་བལ་ཡུལ་སྲིད་བློན་གྱི་ངལ་སེལ་ཐེབས་རྩར་འབུལ་རྒྱུའི་དགོངས་བཞེས་གནང་གི་ཡོད་སྟབས། གཞུང་བརྒྱུད་ནས་ས་ཡོམ་གྱི་དཀའ་ངལ་འཕྲད་པ་དག་ལ་ཆ་བགོས་བྱ་རྒྱུ་ཆགས་བསྡད་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཞལ་འདེབས་འབུལ་རྒྱུ་དེ་ཡང་སྲིད་བློན་གྱི་ངལ་སེལ་ཐེབས་རྩ་བརྒྱུད་ནས་འབུལ་གྱིན་ཡོད་པ་རེད། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གིས་ས་གནས་ས་ཐོག་ལ་ཕེབས་ནས་གུར་སྤྲད་པ་དང་ཕུབ་པ། སྨན་བཅོས་ཀྱི་རོགས་རམ་བཅས་གནང་ནས་མྱུར་སྐྱོབ་ལས་འགུལ་སྤེལ་གྱིན་ཡོད་པ་རེད། ཅེས་གསུངས་བྱུང་།

ཁོང་ལ་ད་ལྟ་བལ་ཡུལ་གཞུང་ལ་རྒྱ་ནག་གཞུང་གི་གནོན་ཤུགས་ཆེན་པོ་བསླེབས་ཡོད་པ་མ་ཟད། ཉེ་ཆར་ཐའེ་ཝན་གཞུང་གིས་བལ་ཡུལ་ལ་ས་ཡོམ་གྱི་གོད་ཆག་ལས་མྱུར་སྐྱོབ་བྱེད་མཁན་གྱི་མི་སྣ་ཁག་གཅིག་གཏོང་གི་ཡིན་སྐོར་བརྗོད་ཡོད་ཀྱང་། བལ་ཡུལ་གཞུང་གིས་ཁས་ལེན་མ་བྱས་པའི་གནས་ཚུལ་བྱུང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་རོགས་དངུལ་དག་བལ་ཡུལ་གཞུང་གིས་ངོས་བཞེས་གནང་གི་རེད་བསམ་གྱི་འདུག་གམ་ཞེས་དྲིས་པར་ཁོང་གིས། ཐའེ་ཝན་གཞུང་གིས་བལ་ཡུལ་གཞུང་ལ་ས་ཡོམ་ཁྲོད་ཁང་པ་ལོག་ནས་ཁང་པའི་ནང་ལུས་པ་དག་ཉེན་སྐྱོབ་བྱ་ཆེད་རོགས་སྐྱོར་བྱེད་མཁན་གཏོང་གི་ཡིན་གསུངས་ཡོད་ཀྱང་། དེ་ལ་བལ་ཡུལ་གཞུང་གིས་ངོས་ལེན་གནང་ཡོད་པ་མ་རེད། ཡིན་ཡང་ད་ལྟ་འཛམ་གླིང་ས་ཕྱོགས་གང་ས་ནས་བལ་ཡུལ་གཞུང་ལ་རོགས་དངུལ་འབུལ་གྱིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་དེ་མ་བཞེས་པ་གནང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

ཁོང་ལ་གསར་འགོད་པས་བལ་ཡུལ་གྱི་ས་ཡོམ་རྐྱེན་པས་བོད་ནང་གི་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་རམ་དང་ཞལ་འདེབས་བསྡུ་བ་སོགས་ཀྱི་ལས་འཆར་ དེ་འདྲ་སྤེལ་འཆར་ཡོད་མེད་དྲིས་པར་ཁོང་གིས། སྔོན་མ་བོད་ནང་གི་སྐྱེ་དགུ་མདོར་ས་ཡོམ་དང་། དེ་མིན་མདོ་སྨད་ཀྱི་ས་ཁུལ་གཅིག་ལ་ཆུ་ལོག་བྱུང་སྐབས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་ཚང་མར་འབོད་སྐུལ་ཞུས་ཏེ། ས་ཡོམ་དང་ཆུ་ལོག་གི་གོད་ཆག་བྱུང་བ་དག་ལ་རོགས་སྐྱོར་གནང་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་ང་ཚོས་ས་ཡོམ་གོད་ཆག་ཆེད་རོགས་པ་བྱ་རྒྱུར་ངོས་ལེན་བྱས་ཚེ། གདུང་སེམས་མཉམ་སྐྱེད་ཞུས་ནས་ཞལ་འདེབས་བསྡུ་སློང་བྱ་རྒྱུ་ཡིན། ཞེས་གསུངས་བྱུང་།

མཇུག་ཏུ་ཁོང་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་བལ་ཡུལ་གཞུང་ཚབ་བརྒྱུད་ས་ཡོམ་ཁྲོད་གནོད་འཚེ་ཕོག་མཁན་བལ་སྡོད་བོད་མི་རྣམས་ལ་བལ་སྒོར་ཁྲི་ ༡༠༠ ཡི་རོགས་དངུལ་སྤྲད་ཡོད་པ་ཕྱིར་བསྒྲགས་བྱེད་བཞིན་ཡོད་པའི་ཐད། བོད་མིའི་སྒྲིག་འཛུགས་ལ་གཟིགས་ཚུལ་གང་འདྲ་ཡོད་དམ། ཞེས་དྲིས་པར་ཁོང་གིས། འཛམ་གླིང་ནང་འབྱུང་བའི་གོད་ཆག་དང་དམག་འཁྲུག་གི་དཀའ་ངལ་བྱུང་སྐབས། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཅིག་གཅིག་ལ་བརྩེ་གདུང་བཅང་རྒྱུ་དང་། རོགས་རམ་བྱ་རྒྱུ་དེ་ལས་འགན་རེད་བསམ་གྱི་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་མཁན་རྣམས་ཀྱིས་སོ་སོའི་རང་དབང་དང་ཐོབ་ཐང་། སྨྲ་བརྗོད་རང་དབང་དཔྱད་དེ། བོད་ནང་དཀའ་ངལ་ཡོད་པ་དག་ལ་གདུང་སེམས་མཉམ་སྐྱེད་ཡོད་ཞུས་ནས་ལས་འགུལ་སྤེལ་བ་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བ་སོགས་བྱེད་ཀྱི་ཡོད་ཀྱང་། ད་ལྟ་བལ་ཡུལ་གཞུང་གིས་རྒྱ་གཞུང་གི་གནོན་ཤུགས་འོག་བོད་མི་ཚོར་དམ་དྲག་བྱེད་བཞིན་ཡོད་པ་སོགས་ཀྱི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་སྟབས། ད་ཐེངས་རྒྱ་ནག་གཞུང་གིས་ཆབ་སྲིད་མ་འཁྲབ་པའི་ཐོག་ནས་གཙོ་ཆེ་བལ་ཡུལ་གྱི་ས་ཡོམ་ཁྲོད་གོད་ཆག་བྱུང་བ་དག་ལ་རོགས་སྐྱོར་དང་། ལྷག་པར་དུ་བོད་རིགས་ཚོར་དོ་སྣང་བྱས་ནས་རོགས་རམ་བྱེད་ཀྱི་ཡོད་ཚེ། ང་ཚོས་དེ་ནི་འོས་ཤིག་འཚམ་པ་ཞིག་དང་འགྲོ་བ་མིའི་རིགས་ཀྱི་ལས་འགན་བསྒྲུབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་་་་ བལ་ཡུལ་གནས་སྡོད་བོད་མི་ ༡༣ དང་བོད་ནང་བོད་མི་ ༢༨ གྲོངས་ཡོད་པ་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese