དེ་རིང་ཀྲུང་གོའི་གསར་འགྱུར་དྲ་བ་ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༨ ཡས་མས་སུ། སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་དང་རྔ་བ་རྫོང་དུ་སེར་བ་དྲག་པོ་བབས་ཏེ། ས་གནས་ཀྱི་ཁང་པ་དང་སྒོ་ཕྱུགས། ལོ་ཏོག་སོགས་ལ་གནོད་སྐྱོན་ཕོགས་ཡོད་འདུག
གསར་འགོད་པས་ས་གནས་བོད་མི་ཞིག་ལ་སྐད་ཆ་དྲིས་པར་ཁོང་གིས། ཁ་སང་སེར་བ་ཆེན་པོ་མཐེ་བོང་འདྲ་བོ་བབས་ཏེ། ཁང་པའི་སྒེའུ་ཁུང་་དང་རླངས་འཁོར་གྱི་ཤེལ་སྒོ་བཅག་པ་སོགས་ཀྱི་གནས་ཚུལ་བྱུང་འདུག ཡིན་ནའང་། མི་ལ་གནོད་པ་བྱུང་ཡོད་ས་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།