མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡ་ཤོད་ནས་མེག་གྷན་བར་ཐག་ལམ་བཟོ་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་༧ ཚེས་ ༨ ཉིན་རྡ་ཤོད་ནས་མེག་གྷན་བར་ཐག་ལམ་བཟོ་རྒྱུ་མགོ་འཛུགས་བྱས་ཏེ་མ་འོངས་ལོ་གཉིས་ནང་ཚུད་དུ་འགྲུབ་པ་བྱ་རྒྱུ་ཡིན་འདུག

དེ་རིང་རྒྱ་གར་ཧིན་རྡུ་སི་ཐན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བྷོམ་བྷེ་ནང་རྟེན་གཞི་བྱས་ཡོད་པའི་ཀྲ་ཀྲ་འཛུགས་སྐྲུན་ཁེ་ལས་ཁང་གིས། ཧི་མ་ཅལ་མངའ་སྡེ་གཞུང་གི་ཆོག་མཆན་འོག ཟླ་ ༧ ཚེས་ ༨ ཉིན་ནས་མགོ་བཙུགས་ཏེ་རྡ་ཤོད་ནས་མེག་གྷན་བར་ཐག་ལམ་(Ropeway)བཟོ་རྒྱུ་ཡིན་པ་དང་། ལས་གཞི་དེ་ལོ་གཉིས་ནང་ཚུད་དུ་འགྲུབ་ཐབས་བྱ་རྒྱུ་ཡིན་འདུག

རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཐོག་ཧི་མ་ཅལ་གྲོང་སྡེ་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་སུ་ཌེར་ཤར་མ་ (Sudhir Sharma) ཡིས། ཐག་ལམ་འདིས་ལོ་རེར་༧ཏཱ་ལའི་བླ་མ་མཆོག་གི་བཞུགས་གནས་གྲོང་རྡལ་མེག་གྷན་ལ། ཕྱི་རྒྱལ་དང་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པ་འབུམ་ ༢ དང་ཕྱེད་ལྷག་ཡོང་བཞིན་པ་དག་གི་འགྲོ་སྐྱོད་ཀྱི་དཀའ་ངལ་སེལ་རྒྱུའི་རེ་བ་ཡོད། ཐག་ལམ་འདི་བརྒྱུད་ཡུལ་སྐོར་སྤྲོ་འཆམ་པ་མེག་གྷན་དུ་སྐྱེལ་འདྲེན་བྱ་ཆེད། ད་ལྟ་མངའ་སྡེ་གཞུང་གིས་རྡ་ཤོད་ཀོ་ཌི་ཝ་ལི་ཁྲོམ་རྭའི་ (Kotwali Bazar) འཁྲིས་སུ་རླངས་འཁོར་ས་ཚིགས་ཤིག་ཀྱང་བཟོ་རྒྱུའི་འཆར་གཞི་སྒྲིག་གི་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ ཉིན་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཧིན་སྒོར་དུང་ཕྱུར་ ༡༢༠ (crore) ཡི་ལས་གཞི་དེ་ཀྲ་ཀྲ་འཛུགས་སྐྲུན་ཁེ་ལས་ཁང་ལ་སྤྲོད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཐོག་མར་ཁེ་ལས་ཁང་དེས་མངའ་སྡེའི་བློན་ཆེན་རྣམས་དང་ཐུག་སྐབས། ཁོང་ཚོས་ལས་གཞི་དེའི་འགྲོ་གྲོན་ཐད་ལོ་རེར་ཧིན་སྒོར་འབུམ་ ༧༥ ཡི་ཆག་ཡང་གཏོང་རྒྱུ་ཁས་ལེན་བྱས་པ་དེར། མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་བྱས་ཡོད་སྟབས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝུར་བྷ་དྷུར་སིང་ (Virbhadra Singh) མཆོག་གིས། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་མོ་ཧན་ཅོ་ཧན་ (Mohan Chauhan) ལགས་ཀྱིས་སྣེ་ཁྲིད་པའི་མཐོ་རིམ་རྟོག་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཀྲ་ཀྲ་ཁེ་ལས་ཀྱི་རྐང་འཛིན་མི་སྣར་ཐུག་འཕྲད་བྱས་ཏེ། མངའ་སྡེ་གཞུང་གིས་ལོ་རེར་ཧིན་སྒོར་དུང་ཕྱུར་ ༡ ཆག་ཡང་གཏོང་རྒྱུ་ཐག་གཅོད་གནང་ཡོད་འདུག རྡ་ཤོད་ནས་མེག་གྷན་བར་གྱི་ཐག་ལམ་དེར་ཀེ་ལོ་མི་ཌར་ ༢ དང་མི་ཌར་ ༢༠༠ ཙམ་ཡོད་པ་མ་ཟད། སྐྱེལ་འདྲེན་འཁོར་སྒམ་ ༣༤ བཟོས་ནས་སྐར་མ་ ༧ ནང་མེག་གྷན་དུ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་འདུག

དེ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་དང་རྒྱ་གར་གྱི་ཨུ་ཤ་བྷེར་ཁཱོ་ (Usha Breco) ཁེ་ལས་ཁང་གིས། ཀང་ར་རྫོང་ཁོངས་ཀྱི་ཧེ་མཱ་ཎེ་ (Himani) ནས་ཅ་མུན་ཌ་( Chamunda )བར་ཀེ་ལོ་མི་ཌར་ ༤།༡ གི་ཐག་ལམ་བཟོ་རྒྱུ་དང་། དེ་བཞིན། སིམ་ལའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ཧྥར་ཧེལ་མགྲོན་ཁང་ (Firhill Hotel) བར་དང་། ཧྥར་ཧེལ་མགྲོན་ཁང་ནས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་བར། ཡང་སིམ་ལའི་ཤིང་རྟ་འཁོར་ལོའི་ལམ་ནས་ཇན་སེ་རྒྱལ་མོའི་སྐྱེད་མོས་ཚལ་ (Rani Jhansi Park) བཅས་ཀྱི་བར་དུ་ཀེ་ལི་མི་ཌར་ ༢།༤ ཡི་ཐག་ལམ་བཟོ་རྒྱུའི་གན་རྒྱ་བཞག་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༡༩༩༡ ལོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤན་ཌ་ཀུ་མར་ (Shanta Kumar)མཆོག་གིས་རྡ་རམ་ཀཱོ་ཌི་ (Dharamkot) ནས་རྡོ་ལ་ཌར་རི་རྩེ་ (Triund )བར་ཐག་ལམ་བཟོ་བའི་ལས་འཆར་ཞིག་བཏིངས་ཡོད་པ་ལྟར། དེ་རིང་ཧི་མ་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ལས་ཁུངས་ཀྱིས་མི་རིང་བར་ལས་གཞི་དེ་མགོ་འཛུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese