མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་མི་འབོར་གསུམ་ཆ་གཅིག་ལྷག་ལ་རང་དབང་མི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་སྒང་འདིར་མི་འབོར་བརྒྱ་ཆ་གསུམ་ལྷག་ཟིན་པའི་མི་མང་ས་ཡ་ ༢.༦ ཙམ་ལྐོག་ཟ་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ། དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་འོག་འཚོ་བཞིན་ཡོད་འདུག

tibetརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཕྱི་དྲོར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་རྟེན་གཞི་བྱེད་པའི་རང་དབང་ལྷན་ཚོགས་ (Freedom House) ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས། ཆབ་སྲིད་རང་དབང་བཅས་ལ་ཞིབ་འཇུག་དང་ཁྲིམས་རྩོད་ཞུ་གཏུག་ཚོགས་པས། དེང་སྐབས་རྒྱལ་སྤྱིའི་སྟེང་དྲག་གནོན་དང་ལྐོག་ཟ་རུལ་སུངས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་ཁག་གི་གྲས་ནས་གནས་སྟངས་ཆེས་སྐྱོ་ཤོས་དེ་བོད་དང་སི་རི་ཡ། སོ་མ་ལེ་ཡ་རྒྱལ་ཁབ་གསུམ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་སྒང་འདིར་ལྐོག་ཟ་རུལ་སུངས་ཐལ་ཆེ་བ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ། དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་འོག འཛམ་གླིང་མི་འབོར་བརྒྱ་ཆ་གསུམ་ལྷག་ཟིན་པའི་མི་མང་ས་ཡ་ ༢.༦ ཙམ་ཡོད་སྐོར་བརྗོད་འདུག

རང་དབང་ལྷན་ཚོགས་དེའི་འགན་འཛིན་གཞོན་པ་ཨར་ཆ་ཕུ་ཌེན་ཊོན་ (Arch Puddington) ཟེར་བས། རྒྱ་ནག་གི་དཔལ་འབྱོར་འཁོར་རྒྱུག་གི་འགྲོས་ཤིན་ཏུ་དལ་ཁར། དངོས་ཟོག་གི་རིན་གོང་དམའ་བ་དེས་འཛམ་གླིང་ཁྲོམ་རར་འཇིག་ཉེན་བསླངས་ཡོད་སྐོར་དང་། སྲིད་དབང་སྒེར་གཅོད་བྱེད་པའི་རྒྱལ་ཁབ་མང་པོའི་ནང་ཚོང་ཟོག་གི་རིན་གོང་དམའ་བ་དང་བསྟུན་ནས་ཁྲལ་འབབ་ཇེ་ཉུང་དུ་ཕྱིན་པ་དེས་སྲིད་དབང་སྒེར་འཛིན་པ་ཚོ་ཕྱི་དགྲ་ཕྱིར་འཕུད་དང་རྒྱལ་ནང་དྲག་གནོན་བྱེད་པར་སྣེ་འཁྲིད་ཀྱི་ཡོད་པ། དེ་བཞིན་སྔར་བྱུང་མ་མྱོང་བའི་སྐྱབས་བཅོལ་བའི་འཚང་ཁ་དང་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་འོག་ཡོང་བའི་དམངས་གཙོའི་རྒྱལ་ཁབ་ཁག་ནང་སི་རི་ཡའི་ནང་འཁྲུག་ལྟ་བུའི་དཀའ་རྙོག་འབྱུང་མུས་ཡིན་སྐོར་སོགས་བརྗོད་འདུག

རང་དབང་ལྷན་ཚོགས་དེས་ལོ་འཁོར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༡༥ ལོ་ནི་སྐྱབས་བཅོལ་བའི་དཀའ་རྙོག་དང་མི་སེར་ལ་དྲག་གནོན། ཕྱི་མིར་ཞེ་འཁོན་དང་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་སོགས་ཀྱི་རྣམ་པར་གྲུབ་པའི་སའི་གོ་ལོའི་སྟེང་གི་རང་དབང་ཉམས་རྒུད་དུ་ཕྱིན་ཏེ་མི་ལོ་ ༡༠ ཟིན་པར་ངོས་འཛིན་གནང་འདུག

རང་དབང་ལྷན་ཚོགས་དེས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་ ༡༩༥ ལ་དཔྱད་ཞིབ་བྱས་པའི་ནང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༨༦ ནང་རང་དབང་ལ་ཁ་རྡུང་གཏོང་བ་དང་། རྒྱལ་ཁབ་ ༥༩ ནང་རང་དབང་གི་ཕྱོགས་ཙམ་ཡོད་པ། རྒྱལ་ཁབ་ ༥༠ ནང་རང་དབང་རྩ་བ་ནས་མེད་ཅིང་། རང་དབང་དམངས་གཙོ་གང་ཡང་མེད་པའི་ཡུལ་ལུང་མང་ཆེ་བ་དཀྱིལ་ཤར་ཡུལ་གྲུ་ཁག་དང་བྱང་ཨ་ཧྥི་རེ་ཁ་ཡིན་ཞིང་། ཡུལ་ལུང་དེ་ནང་མི་འབོར་བརྒྱ་ཆ་ ༨༥ སྲིད་གཞུང་གི་དྲག་གནོན་འོག་འཚོ་བཞིན་ཡོད་པ་དང་། ཨ་ཧྥི་རེ་ཁའི་ལྷོ་རྒྱུད་ས་ཧ་ར་ (Saharan) ཡུལ་གྱི་སྲིད་གཞུང་ ༢༠ ཡིས་རང་དབང་ལ་བརྩི་མཐོང་མེད་པ། ཡུ་རོབ་ཨེ་ཤ་ཡའི་ (Eurasia) གླིང་ཆེན་ཁག་ཏུ་རང་དབང་ལྡན་པའི་ཡུལ་ལུང་གཅིག་ཀྱང་མེད་སྐོར་བརྗོད་འདུག

སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་སྤྱིའི་བུད་མེད་ཀྱི་གནས་བབ་ལ་མཐོར་འདེགས་བྱུང་མེད་ཅིང་། སུ་ཌེ་ཨ་ར་བྷེ་ཡའི་བུད་མེད་ཚོ་ད་ལོའི་སྲིད་འཛིན་འོས་འདེམས་ཞུགས་བཅུག་པ་དང་། ལྷོ་ཀོ་རི་ཡའི་ནང་བུད་མེད་ལ་བཙན་གཡེམ་གཏོང་བའི་ནག་ཉེས་མཚམས་བཞག་པ་བཅས་ཀྱི་སྐོར་ལ། ཚོད་འཛིན་རང་བཞིན་ལྡན་པའི་མདུན་སྐྱོད་དེས་རྒྱལ་ཁའི་འབོད་སྒྲ་བསྒྲགས་ཤིང་། ཆེས་དམའ་བའི་བུད་མེད་ཀྱི་གནས་བབ་ལ་རྔམ་སྟོན་མཛད་དེ་ཕོ་མོ་འདྲ་མཉམ་གྱི་རིན་ཐང་མཐོར་འདེགས་བཏང་ཡོད་སྐོར་འཁོད་འདུག

གཞན། སྙན་ཐོ་དེའི་ནང་ད་དུང་ཨ་རིའི་རྒྱལ་ཁབ་ཀྱི་རང་དབང་གི་གོམ་ཁ་འཁྱོར་བཞིན་པ་དང་། འོས་བསྡུའི་བྱ་འགུལ་ཁྲོད་དུ་མི་སྒེར་གྱིས་དངུལ་ལོའི་འགྲོ་གྲོན་མཐོ་རུ་གཏོང་བར་སུན་གཙེར་བྱེད་པར་སྟོད་གླུ་ལེན་པ་དང་། རྒྱལ་ནང་གི་ཁྲིམས་བཟོའི་འདུ་འཛི་དང་སྲིད་གཞུང་ནང་ཁུལ་གུ་དོག་པ། མི་རིགས་དབྱེ་འབྱེད་དང་ཁྲིམས་འགལ་ལུགས་ལྡོག་སོགས་ཐེར་འདོན་གནང་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་རང་དབང་ཉམས་རྒུད་ཕྱིན་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ ༧༢ ཡོད་པའི་གྲས་ཀྱི་མང་ཆེ་བའི་ནང་འདས་པའི་ལོ་བཅུ་ཕྲག་གཅིག་གི་སྔོན་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་རང་དབང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པ་དང་། ༢༠༡༥ ལོར་རང་དབང་དམངས་གཙོ་ཡར་རྒྱས་ཅུང་ཕྱིན་པའི་རྒྱལ་ཁབ་ཁག་ནི་འབར་མ་ (Myanmar) དང་བྷུར་ཀེ་ན་ཧྥ་སོ། (Burkina Faso) ནེ་གྷི་རེ་ཡ་ (Nigeria) དང་སི་རེ་ལན་ཀ་ (Sri Lanka) བཅས་ཡིན་ཞིང་། ༢༠༡༥ ལོ་ནས་རྒྱལ་ཁབ་དེ་དག་ནང་རང་དབང་དམངས་གཙོའི་འོས་བསྡུ་གསར་དུ་ཚུགས་ཐུབ་ཡོད་ཅིང་། ༢༠༡༥ ལོར་རང་དབང་དམངས་གཙོའི་གནས་བབ་སྡུག་རུ་ཕྱིན་པའི་རྒྱལ་ཁབ་ཁག་ནི་བྱང་ཀོ་རི་ཡ་ (North Korea) དང་བ་ཙི་བྷི་ཀེ་ས་ཐན། (Uzbekistan)  ཨ་རེ་ཊི་རི། (Eritrea) ཏུར་ཀི་མི་ནེ་སི་ཐན། (Turkmenistan) ས་ཧ་རའི་ནུབ་ཁུལ། (Western Sahara) སུ་ཌན། (Sudan) དབུས་ཨ་ཧྥི་རེ་ཁ་སྤྱི་མཐུན་རྒྱལ་ཁབ། (Central African Republic) དེ་བཞིན། ཨི་ཁཱ་ཊོ་རེ་ཡད་གྷུ་ནི། (Equatorial Guinea) དང་་སུ་ཌེ་ཨ་ར་བྷེ་ཡ་ (Saudi Arabia) བཅས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese