མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིན་ཀྲིང་ལ་ཞིབ་བཤེར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་ནག་གི་ཚེ་བཙོན་འོག་ཡོད་པའི་ལིན་ཅི་ཧྭ་ཡི་ནུ་བོ་ཧྲན་ཞི་ཞིང་ཆེན་མི་མང་སྲིད་གྲོས་ཀྱི་ཚོགས་གཞོན་ལིན་ཀྲིང་ལ་ཞིབ་བཤེར་བྱས་སྐབས་རྒྱ་སྒོར་ས་ཡ་ ༡༦ གི་ལྐོག་རྔན་བླངས་པ་ངོས་ལེན་བྱས་ཡོད་འདུག

020161018142137ཧྲང་ཧེ་གྲོང་ཁྱེར་གྱི་ཉེན་རེའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ལྷོ་རྒྱུད་ཅང་སུ་ཞིང་ཆེན་ཁྲང་ཀྲོ་ (Changzhou) གྲོང་ཁྱེར་མི་མང་ཞིབ་བཤེར་ཁང་ (People’s Procuratorate of Changzhou) གིས་རྒྱ་ནག་བྱང་རྒྱུད་ཧྲན་ཞི་ཞིང་ཆེན་གྱི་མི་མང་སྲིད་གྲོས་ཀྱི་ཚོགས་གཞོན་ཟུར་བ་ལིན་ཀྲིང་ (Ling Zhengce) གིས་ལྐོག་རྔན་བླངས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་སྐབས། ཁོས་དེ་སྔོན་རྒྱ་སྒོར་ས་ཡ་ ༡༦ གི་ལྐོག་རྔན་བླངས་པ་དང་། ལྐོག་རྔན་དེ་དག་ཁེ་ལས་མཉམ་འབྲེལ་དང་དཔོན་གནས་སྤོར་བ་སོགས་ཀྱི་གོ་དབང་སྤྱད་དེ་བླངས་པ་ངོས་ལེན་བྱས་རྗེས། མི་མང་ཞིབ་བཤེར་ཁང་གིས་ཁོ་རང་ཁྲང་ཀྲོ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

ལིན་ཀྲིང་ལ་ནུ་བོ་ ༣ དང་སྲིང་མོ་གཅིག་བཅས་ཡོད་པའི་གྲས་ནས་ཁོ་རང་ཆེ་བ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་ཁོས་ཧྲན་ཞི་ཞིང་ཆེན་མི་མང་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚོགས་གཞོན། དེ་བཞིན་ཧྲན་ཞི་ཞིང་ཆེན་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་བསྒྱུར་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱི་གོ་དབང་ཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༦ ནས་ཁྲང་ཀྲོ་གྲོང་ཁྱེར་མི་མང་ཞིབ་བཤེར་ཁང་ནས་ཁོའི་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ཐད་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

ཐེངས་འདིར་ཞིབ་བཤེར་འོག་ཚུད་པའི་ལཱིན་ཀྲིང་ནི། དེ་སྔའི་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་ཡི་ཆབ་སྲིད་སློབ་སྟོན་པ་དང་རྒྱ་ནག་དམར་ཤོག་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཙོ་འཛིན་ལིན་ཅི་ཧྭ་ (Ling Jihua) ཡི་ཕུ་བོ་ཡིན་འདུག ལིན་ཅི་ཧྭ་ད་ལོའི་ཕྱི་ཟླ་ ༥ ཚེས་ ༢ ཉིན་ལིན་ཇེ་ཧྭ་ཡིས་རྒྱ་སྒོར་ས་ཡ་ ༧༧ ལྐོག་ཟ་བྱས་པ་དང་། ཏང་གི་དབང་ཤུགས་རྡོག་རོལ་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པ་སོགས་ཀྱི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོའི་ནུ་བོ་ལིན་ཝན་ཁྲིང་ (Ling Wancheng) ནི་ཚོང་པ་ཞིག་ཡིན་ཞིང་། ཁོ་ཡང་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་དང་འབྲེལ་བའི་ཞིབ་བཤེར་སྐབས་སུ་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༨ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༡༤ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese