མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུ་མདོ་ནས་བོད་མི་གསུམ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༨ ཉིན་གྱི་ཉིན་རྒྱབ་ཏུ་བོད་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་སྐྱེས་པ་གསུམ་འཛིན་བཟུང་བྱས་རྗེས་གནས་སྟངས་ཅི་བྱུང་ཤེས་རྟོགས་མི་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་བོད་སྐྱེ་རྒུ་མདོ་རུ། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་མཛད་སྒོ་རྒྱ་ཆེན་པོ་ཚོགས་ཏུ་བཅུག་ཡོད་པ་དང་བསྟུན། ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། ས་གནས་བོད་མི་ཚོར་གང་འདོད་སྔོག་བཤེར་བྱས་ཏེ་བོད་མི་གསུམ་འཛིན་བཟུང་བྱས་ཡོད་འདུག ད་ལྟའི་ཆར་བོད་མི་དེ་གསུམ་གྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

བོད་མི་གསུམ་འཛིན་བཟུང་བྱེད་སྐབས་དངོས་སུ་མཐོང་མཁན་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཁ་སང་ཉིན་རྒྱབ་ཁོང་རོལ་རྩེད་ཐང་ཆེན་དུ་ཕྱིན་སྐབས། སྔར་དང་མི་འདྲ་བར་ཞིབ་བཤེར་ས་ཚིགས་ཤིག་གསར་དུ་བཙུགས་ཡོད་པ་མ་ཟད། གསང་བའི་བརྙན་ཆས་ཀྱང་མང་པོ་ཞིག་བཙུགས་འདུག དེ་བཞིན་ཉེན་རྟོག་པའང་མང་པོ་བསླེབས་ཏེ་ཡར་འགྲོ་མར་འགྲོ་བྱེད་མཁན་མི་མང་ལ་ལྟ་བཤེར་ནན་པོ་བྱེད་ཀྱི་འདུག སྐབས་དེར་བོད་མི་གསུམ་ལ་སྔོག་བཤེར་བྱས་རྗེས་ཕྱི་ལོག་ཏུ་ཁྲིད་ཕྱིན་སོང་། རྒྱུ་མཚན་གང་ཡིན་ཤེས་མ་སོང་། མར་ཕྱི་ལོག་ཏུ་བསླེབས་པ་དང་ཐད་ཀར་ལག་ལྕགས་བརྒྱབས་ནས་ཉེན་རྟོག་པ་བཞི་ཡིས། ཕར་ཕྱོགས་སུ་སྔར་ནས་གྲ་སྒྲིག་བྱས་ཏེ་བཞག་ཡོད་པའི་ཉེན་རྟོག་པའི་རླང་འཁོར་ནང་བཅུག་སྟེ་ཁྲིད་ཕྱིན་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་གིས། བོད་མི་དེ་གསུམ་གྱིས་མཐུན་སྒྲིལ་གླིང་ཞེས་པའི་ཕྱི་ཕྱོགས་ཀྱི་ཚོགས་པ་ཚོགས་མི་ ༢༠༠ ལྷག་ཡོད་པ་ཞིག་གི་ནང་རོལ་རྩེད་ཐང་གི་པར་རིས་བཏང་བར་རྐྱེན་བྱས་ནས་འཛིན་བཟུང་བྱས་པ་ཡིན་ལུགས་བརྗོད་ཀྱི་འདུག་ཀྱང་། རྒྱུ་རྐྱེན་གཙོ་བོ་གང་ཡིན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཁ་སང་འཛིན་བཟུང་བྱས་པའི་བོད་མི་གསུམ་ནི། རིན་ཆེན་རྡོ་རྗེ་དང་། སྐལ་བཟང་ཉི་མ། ལྷུན་འགྲུབ་བཅས་ཡིན་འདུག་ལ། རིན་ཆེན་རྡོ་རྗེ་ནི་སྡོམ་མདའ་ཡུལ་ཚོ་ནས་ཡིན་ཞིང་གླ་འཁོར་གཏོང་མཁན་ཞིག་ཡིན་འདུག སྐལ་བཟང་ཉི་མ་ནི་རིན་ཆེན་རྡོ་རྗེ་ཡི་གྲོགས་པོ་ཡིན་ལ། ཁོང་སེར་ཤུལ་ནས་ཡིན་འདུག

CPC’s 100th Anniversary in Kyigudu, Tibet (File photo)

ཡང་ས་གནས་བོད་མི་ཞིག་གིས། འདི་ལོའི་ཕྱི་ཟླ་ ༧ པའི་ནང་བོད་སྐྱེ་རྒུ་མདོ་ས་ཁུལ་དུ་དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་ཞིབ་དང་སྔོག་བཤེར་འདྲི་རྩད་རིགས་སྔར་ལྷག་བྱས་པར་བརྟེན། ས་གནས་བོད་མི་ཚོར་རང་བཞིན་གྱིས་འཇིགས་སྣང་དང་འགྲོ་འོང་བྱེད་པར་འཛེམས་དོགས་བྱེད་དགོས་པའི་གནས་སྟངས་བཟོས་ཡོད་སྐོར་བརྗོད་བརྗོད་བྱུང་ལ། འདི་ལོར་རྒྱ་ནག་གཞུང་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་ཟེར་བ་དེར་བོད་ཁུལ་གྱི་ས་ཆ་གང་སར་མཛད་སྒོ་རྒྱ་ཆེན་པོ་བསྡུ་རུ་བཅུག་སྟེ། དམར་ཤོག་ཚོགས་པར་བསྟོད་བསྔགས་དང་བཀའ་དྲིན་ཞུ་བ་སོགས་ཀྱི་བྱ་འགུལ་རིགས་སྣ་ཚོགས་སྤེལ་དུ་བཅུག་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

སྐར་མ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

སྐར་མ ༥༢ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༨ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese