མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཕྱག་དེབ་རིན་མེད་ཀྱིས་བཀྲམ་སྟེ་བཀའ་དྲིན་རྗེས་དྲན་ཞུ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཇམ་གྱི་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་སྤྱི་བློ་བཟང་དབང་པོ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཆེད་མགོན་པོ་གང་ཉིད་ཀྱི་ཕྱག་དེབ་ ༡༢༠ ལྷག་སྦེལ་ཇམ་གྱི་ཆབ་སྲིད་ཚོགས་པ་ཁག་དང་སློབ་གྲྭ་ཁག་གི་དགེ་སློབ་བཅས་ལ་རིམ་མེད་ཀྱིས་གནང་བའི་བྱ་འགུལ་ཞིག་སྤེལ་བཞིན་འདུག

སྦེལ་ཇམ་གྱི་སློབ་གྲྭ་ཌི་ཌཱམ་སི་(De Dames Salob)སློབ་སྤྱི་དང་། ས་གནས་སུ་སྐད་གྲགས་ཡོད་པའི་ལུས་སྦྱོང་བ་མེག་སི་ལགས་གཉིས་ལ་ཕྱག་དེབ་དང་བོད་སྐོར་དཔེ་དེབ་ཕུལ།

མི་སྒེར་ཞིག་ནས་བྱ་འགུལ་དེ་འདྲ་ཞིག་རྩོམ་དགོས་པའི་དམིགས་ཡུལ་སྐོར་ལ་འདི་གའི་གསར་འགོད་པར་བློ་བཟང་དབང་པོ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་་དྲུག་པ་ནས་བཟུང་༧གོང་ས་མཆོག་གི་ཕྱག་དེབ་བགོ་འགྲེམས་ཀྱི་ལས་གཞི་ཞིག་སྤེལ་བའི་གྲ་སྒྲིག་བྱས་པ་བཞིན། ད་ལྟ་བར་དཔེ་དེབ་ ༡༢༠ ལྷག་མཁོ་སྒྲུབ་གནང་ཐུབ་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་སླད་དུ་བརྟན་ཞུགས་སོགས་མི་སྒེར་ཞིག་ནས་དབུལ་མི་ཐུབ་ནའང་། གཙོ་བོ་མགོན་པོ་གང་ཉིད་ཀྱི་དགོངས་བཞེད་བཞིན་བསྒྲུབ་རྒྱུ་ནི་གལ་ཆེན་ཡིན་སྟབས། ༧མགོན་པོ་གང་ཉིད་ཀྱི་བཀའ་དྲིན་མཚོན་ཆེད་དང་། མགོན་པོ་མཆོག་གི་བཀའ་དྲིན་རྒྱུན་དུ་དྲན་ཆེད་དུ་ཡིན་ལས་གཞི་དེ་སྤེལ་བཞིན་ཡོད་སྐོར་བརྗོད་བྱུང་།

རིན་མེད་འགྲེམས་སྤེལ་གནང་བཞིན་པའི་ཕྱག་དེབ་རྣམས་ནི་བཙན་བྱོལ་ནང་གི་རང་དབང་(Freedom in Exile)དང་། (The art of Happness)།  (Toward the True Kinship of Faiths)། (Beyong Religion)བཅས་ཕྱག་དེབ་གྲགས་ཅན་མི་འདྲ་བ་བཞི་ལ་ཁྱོན་དེབ་གྲངས་ ༡༢༠ ལྷག་ཡོད་པ་དང་། ཕྱག་དེབ་དེ་དག་རྒྱ་གར་ནས་ཆེད་གཏོང་གིས་ཉིན་ཤས་གོང་སྦེལ་ཇམ་ནང་འབྱོར་ཡོད་པ་ལྟར་འགྲེམས་སྤེལ་གནང་མུས་ཡིན་འདུག་ལ།  སྦེལ་ཇམ་གྱི་ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་ལས་རྣམ་པས་ཁོང་གི་ལས་གཞིར་རྒྱབ་སྐྱོར་གྱིས་ཕྱག་དེབ་རྣམས་བླུ་བར་ཞལ་འདེབས་ཕུལ་ཡོད་འདུག

བློ་བཟང་དབང་པོ་ལགས་ལ་ད་ལྟ་བར་དུ་ཕྱག་དེབ་ག་ཚོད་ཅིག་བཀྲམ་ཚར་ཡོད་པ་དང་མ་འོངས་པར་མུ་མཐུད་ག་འདྲ་དགྲམ་འཆར་ཡོད་དྲིས་པར་ཁོང་གིས། ཕྱག་དེབ་རྣམས་འབྱོར་ནས་ཉིན་ཤས་ལས་འགོར་མེད་པས་མུ་མཐུད་འགྲེམས་སྤེལ་བྱེད་མུས་ཡིན་ལ། ད་ལྟ་བར་དུ་སྦེལ་ཇམ་གྱི་སློབ་གྲྭ་ཌི་ཌཱམ་སི་སཱ་ལབ་(De Dames Salob)དང་། ཨ་ཧྥིར་ཊི་ཛིཌ་(Afrit Zuid)ཡི་དམའ་རིམ་སློབ་གྲྭ་དང་། འབྲིང་རིམ། མཐོ་སློབ་བཅས་སློབ་གྲྭ་ཁག་བཞི་ཡི་ལས་བྱེད་ཀྱི་གསོལ་ཚིགས་ཁང་དང་དཔེ་མཛོད་ཁང་། སློབ་ཕྲུག་བཅས་ལ་བཀྲམ་ཟིན་ཡོད་པ་དང་། ཐོག་མའི་དམིགས་ཡུལ་ལྟར་ཁོམ་སྐབས་དང་བསྟུན་ནས་སྦེལ་འཇམ་ཁུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་(Groen)དང་། (Christian Democratic and Flemish(CD&V), New Flemish Alliance (N-VA), Open Flemish Liberals and Democrats (Open Vld),Forward (Vooruit)སོགས་ཀྱི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་༧གོང་ས་མཆོག་གི་ཕྱག་དེབ་རྣམས་འབུལ་འཆར་ཡོད་སྐོར་བརྗོད་བྱུང་།

བློ་བཟང་དབང་པོ་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཨུ་རི་ས་ཕུན་ཚོགས་གླིང་དུ་སྐྱེས་ཤིང་། འཛིན་རིམ་ ༡༠ བར་ཨུ་རི་ས་བོད་སློབ་ནས་སློབ་སྦྱོང་གནང་རྗེས། འཛིན་རིམ་ ༡༡ དང་ ༡༢ རྡོ་རྗེ་གླིང་ནས་ཐོན། དེ་ནས་ཕྱི་ལོ་ ༡༩༩༢ དང་ ༡༩༩༣ ལོར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་སོ་ཡི་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༡༩༩༤ ནས་ལོ་ ༥ ཙམ་རིང་ཨུ་རི་ས་སྨན་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༣ ལ་སྦེལ་ཇམ་དུ་འབྱོར་ནས་ས་གནས་སུ་ལས་དོན་མང་པོའི་ནང་མཉམ་ཞུགས་ཀྱིས་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨་ནས་སྦེལ་ཇམ་གྱི་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་སྤྱི་གནང་མུས་ཡིན་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese