མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ཀྱིས་གྲོངས་པར་བསྙད་དེ་ཕུང་པོ་ཞིག་བཙན་འཕྲོག་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་ཁུལ་དུ་ཏོག་དབྱིབས་ཀྱི་ཐེམ་སྤང་བཀག་རྒྱ་ལག་བསྟར་ནན་པོ་བྱས་ཏེ་ཉིན་གསུམ་ནང་དུད་ཚང་གཅིག་གི་མི་གཅིག་བཟའ་བཅས་ཉོ་རུ་གཏོང་གི་འདུག

རྨ་ལྷོ་ཁུལ་དུ་ཏོག་དབྱིབས་ནད་ཡམས་འགོག་སྡོམ་གྱི་བརྟག་དཔྱད། དྲ་ལམ་གྱི་པར།

རྨ་ལྷོ་ཁུལ་ཏོག་དབྱིབས་ནད་ཡམས་འགོག་སྡོམ་ལས་དོན་ཚོགས་ཆུང་ཞེས་པ་དེས། ཁ་སང་ཕྱི་ཚེས ༢༠ ཉིན་རེབ་གོང་གྲོང་ཁྱེར་དུ་མི་གཅིག་དང་། རྩེ་ཁོག་རྫོང་དུ་མི་གྲངས་ ༡༣ ལ་གསར་དུ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༡ ནས་བཟུང་རེབ་གོང་གྲོང་ཁྱེར་ཡོངས་སུ་ཤར་ལྷོ་ནུབ་བྱང་གི་དབྱེ་བ་ཕྱེས་ཏེ་ཐེམ་སྤང་བཀག་རྒྱ་ལག་བསྟར་བྱེད་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་རེབ་གོང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཚོགས་ཆུང་ཟེར་བས་ཐེམ་སྤང་སྐབས་ཀྱི་ཅ་དངོས་ཉོ་སྒྲུབ་སྐོར་གྱི་གསལ་བསྒྲགས་ནང་དུ། རེབ་གོང་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ ༢༥ དང་། སྨན་རྫས་ཚོང་ཁང་ ༡༢ །  ཤ་འཚོང་ཁང་ ༨།  ཐུག་པ་དང་གོ་རེ་ཚོང་ཁང་ ༡༣ ། ཟ་ཁང་ ༡༠ ། འབྲུ་སྣུམ་ཚོང་ཁང་ ༦ ། སྔོ་ཚལ་ཚོང་ཁང་ ༤༧ ཡི་སྒོ་ཕྱེ་ཡི་ཡོད་པ་དང་། སྐབས་དེར་བྱེད་མི་ཆོག་པ་སོགས་ཀྱི་དོན་ཚན་ ༧ བསྒྲགས་པའི་ནང་དུ། དངོས་རྫས་ཉོ་སྒྲུབ་དཔང་ཡིག་འཁྱེར་ནས་ཉོ་བ་དགོས་པ་མ་ཟད། ཁྱིམ་ཚང་གཅིག་ནས་ཉིན ༣ རེའི་ནང་མི་གཅིག་བཀོད་སྒྲིག་བྱས་ཏེ་ཐེངས་གཅིག་ལ་ཉོ་ཚོང་བྱེད་དུ་སོང་ཆོག་པ་དང་། དངོས་པོ་ཉོས་རྗེས་མྱུར་ཏུ་རང་གི་འདུག་གནས་སུ་འགྲོ་བ་དང་ལམ་བར་ནས་འགོར་འགྱངས་བྱ་མི་ཆོག ཅེས་དང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཚོགས་ཆུང་ཞེས་པ་དེས་སྒོ་ཕྱེ་དགོས་པའི་ཚོང་ཁང་སྟངས་འཛིན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

རྨ་ལྷོའི་ཉེན་རྟོག་པས་རིམས་ནད་འགོག་སྡོམ་བྱེད་བཞིན་པ། དྲ་ལམ་གྱི་པར།

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། སྒ་སྐྱེ་རྒུ་མདོ་ཡོང་ཤ་སྡེ་བ་ནས་ཡིན་པའི་རང་ལོ་ ༦༠ ལྷག་ཡིན་པའི་གངས་བློ་ཞེས་པའི་སྐྱེས་པ་ཞིག་ཟླ་འདིའི་ཕྱི་ཚེས ༡༨ ཉིན་གློ་བའི་ནད་གཞིའི་རྐྱེན་པས་ཟི་ལིང་གྲོང་ཁྱེར་དུ་སྨན་པར་སྟོན་དུ་ཕྱིན་ཏེ་ཕྱིར་ལོག་ཡོང་སྐབས་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང། ཁོང་གི་ནང་མི་ཚོས་ཕུང་པོ་འཁྱེར་ཏེ་ཁྲི་ཀ་རུ་བསླེབས་སྐབས། ས་གནས་ཉེན་རྟོག་པས་མི་དེ་ཏོག་དབྱིབས་གཉན་རིམས་ཀྱིས་གྲོངས་ཡོད་སྐོར་བརྗོད་དེ། ཕུང་པོ་བཙན་འཕྲོག་བྱས་ནས་ཁང་པ་སྟོང་པ་ཞིག་གི་ནང་བཞག་སྟེ་མཐའ་ཚང་མ་ཐག་པས་བསྐོར་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་༢༡ ཉིན་གྱི་སྔ་དྲོར་ཕུང་པོ་གད་སྙིགས་བླུག་སའི་ཁང་པ་ཞིག་ནང་གཡུགས་ཏེ་མེར་སྲེག་ཡོད་སྟབས། འདས་པོའི་ནང་མི་ཚོས་ཏོག་དབྱིབས་ཀྱིས་གྲོངས་བ་མིན་པའི་འགྲེལ་བཤད་ག་ཚོད་བྱས་ཀྱང་ཕན་ཐོགས་བྱུང་མེད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཙམ་ནས་བཟུང་བོད་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་སོགས་སུ་བསྐྱར་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་སྟེ་སྐུ་འབུམ་དང་།  གསེར་ཁོག་རྫོང་། སྟོང་སྐོར་རྫོང་སོགས་སུ་ཐེམ་སྤང་བཀག་རྒྱ་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཟུར་བཀག་ཁང་དུ་འཚོ་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་མི་མང་པོ་མཚན་མོར་བྲོས་བྱོལ་དུ་འགྲོ་བཞིན་ཡོད་སྐོར་གྱི་བརྙན་ཐུང་ཁག་ཅིག་ཀྱང་དྲ་ལམ་དུ་བསླེབས་སོང་།  ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་གནས་ཚུལ་ལྟར་ན། ཉིན་དེར་ནད་པ་གསར་པ་ ༥༤༩ དང་། ཟི་ལིང་གྲོང་ཁྱེར་ཡོངས་སུ་ཏོག་དབྱིབས་འགོས་པའི་མི་གྲངས་ ༤༤༣༩ ཡོད་སྐོར་བསྒྲགས་འདུག

འབྲེལ་ཡོད་གསར་འགྱུར།

ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

༢༠༢༣/༠༩/༢༠
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist