མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་འགྱངས་བར་ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་རམ་ས་ལར་ཕེབས་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་ཡོད་པ་མ་ཟད་འདི་ལོའི་ཕྱི་ཟླ་ ༤ པའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་འགའ་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་འདུག

ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་དང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་སོགས། སྐུ་ཚབ་དོན་ཁང་གི་པར། 

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་དང་ཨོ་གླིང་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༧ ནས་ ༢༠ བར་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་ཡོད་འདུག་ལ། ད་ལྟའི་ཆར་ངེས་གཏན་མེད་ཀྱང་ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་ནང་བོད་དོན་རྒྱབ་སྐྱོར་བ་འཐུས་མི་ ༥ ཡས་མས་ཕེབས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨོ་གླིང་གྲོས་ཚོགས་ནང་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་བགྲོ་གླེང་གནང་སྐབས། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇཱ་ནེ་ཊི་རའེ (Janet Rice) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་གནོན་དང་འགྲོ་བ་མིའི་ཐོབ་ཐང་འཕྲོག་པའི་གནད་དོན་ཐོག་ལ་སེམས་འཚབ་ཡོད་པ་དང་། རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་བོད་ནང་བཙན་འཛུལ་བྱེད་མགོ་བཙུགས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ཡོངས་སུ་བཙན་འཕྲོག་བྱས་པར་བརྟེན། ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་སྒེར་ལངས་ཉིན་མོ་རྗེས་དྲན་སླད། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་ས་ཡ་ ༡ ལྷག་བསད་པ་དང་། རྒྱ་མི་རྣམས་བོད་ནང་དུ་གནས་སྤོ་རུ་བཅུག་པའི་རྐྱེན་གྱིས་བོད་ནང་དུ་བོད་མིའི་མི་གྲངས་ནི་གྲངས་ཉུང་མི་རིགས་ཤིག་ཆགས་ཡོད་སྐོར་དང་། འདས་པའི་ལོ་ངོ་ ༢༨ གོང་༧པཎ་ཆེན་བླ་མ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད་སེམས་འཚབ་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ལྷག་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ། བཙན་གྱིས་རྒྱ་སྒྱུར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་པའི་སྐོར་ལ་ཉེན་བརྡ་བཏང་ཡོད་སྐོར་དང་། ཨོ་གླིང་གཞུང་ནས་རྒྱ་གཞུང་གིས་བོད་ནང་དང་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་དགོས་སྐོར་གསུངས་འདུག

ཡང་ལྕམ་སྐུ་ཇཱ་ནེ་ཊི་རའེ་སི་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་འཐུས་མི་དང་ལྷན་དུ་དྷ་རམ་ས་ལར་ཕེབས་འཆར་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་འཆར་ཡོད་སྐོར་སོགས་གསུངས་འདུག་ལ། ལྕམ་སྐུ་ཇཱ་ནེ་ཊི་རའེ་སི་ལགས་ནི་ཨོ་གླིང་གི་ལྗང་ཁུ་སྲིད་དོན་ཚོགས་པའི་འཐུས་མི་དང་། དུས་ཡུན་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་འདུག་ལ། འདས་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐོང་ཚོགས་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ པའི་ཐོག་ལའང་མཉམ་ཞུགས་གནང་ཡོད་འདུག

ཨོ་གླིང་ལྗང་ཁུ་ཚོགས་པའི་འཐུས་མི་ལྕམ་སྐུ་ཇཱ་ནེ་ཊི་རའེ་སི་ལགས། ༢༠༢༣།༠༢།༠༧ 

ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞུགས་སྒར་དྷ་རམ་ས་ལར་ཕེབས་འཆར་ཡོད་པའི་སྐོར་ལ་དེ་རིང་འདི་གའི་གསར་འགོད་པར་ཨོ་གླིང་གི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས། ད་ལྟའི་ཆར་དུས་ཚེས་དེ་གཏན་འཁེལ་མེད་ཀྱང་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་ལ་ཕེབས་འཆར་ཡོད་པ་དང་། དྷ་རམ་ས་ལར་ཉིན་གྲངས་གསུམ་བཞི་ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་དང་བཅས་ལྷན་ཁང་ཁག་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་། དེ་བཞིན་རིག་གཞུང་ལྟེ་གནས་ཁག་ཅིག་ལ་གཟིགས་སྐོར་གནང་འཆར་ཡོད་སྐོར་དང་། ད་ལྟའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུ་གཏན་འཁེལ་བྱུང་མེད་སྐོར་བརྗོད་བྱུང་།

ཨོ་གླིང་ནང་རྒྱའི་མི་འབོར་ཆེན་པོ་ཡོད་པ་དང་། འདས་པའི་ལོ་མང་ནང་བོད་མིའང་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཡུལ་དེའི་ནང་བོད་དོན་གོ་རྟོགས་དང་ལས་འགུལ་སྤེལ་ཕྱོགས་ཀྱི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་དྲིས་པར་ཁོང་གིས།  ང་ཚོ་འདིར་དོན་གཅོད་ལས་ཁུངས་དང་བོད་རིགས་མཐུན་ཚོགས་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་སོགས་ཡོད་པ་ཚང་མས་བོད་དོན་དང་འབྲེལ་བའི་གནད་དོན་དེ་ཚོའི་ཐོག་མུ་མཐུད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། སྐབས་དང་དུས་ལ་བོད་ནང་གི་གནས་སྟངས་གང་འདྲ་བྱུང་བ་ཡིན་ནའང་། དེ་ཚོའི་ཐོག་ལ་གཞུང་དང་གྲོས་ཚོགས་འཐུས་མིར་ཞུ་གཏུག་བྱས་པ་དང་རྒྱབ་སྐྱོར་འཚོལ་བ་སོགས་མུ་མཐུད་དུ་བྱེད་བཞིན་ཡོད་པ་སོགས་སྔར་རྒྱུན་ལྟར་གནང་གི་ཡོད་པ་ལས། དེ་ལ་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་ཀྱི་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༡༠ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese