མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་འདུག

ཕྱི་ལོ་ ༢༠༡༠ ལོར་སྲིད་བློན་མུ་དྷི་མཆོག་གྷོ་ཇི་རཱ་ཊིའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་༧གོང་ས་མཆོག་ལ་མཇལ་བ།

དེ་རིང་ཕྱི་ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཁོང་གི་སྲིད་དོན་ཚོགས་པར་བསྟུད་མར་ཐེངས་གསུམ་པའི་གཞུང་འཛིན་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པའི་ནང་། ངོས་ནས་རྒྱ་གར་གྱིས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་འོས་འགན་འཁུར་བཞིན་ཡོད་པར་བསྟོད་བསྔགས་དང་སྤོབས་པ་སྐྱེ་ཡི་ཡོད། འོས་འདེམས་འདི་དག་གིས་རྒྱ་གར་མི་མང་གི་དམངས་གཙོའི་རིན་ཐང་ག་འདྲ་ཡིན་པ་མཚོན་གྱི་ཡོད། རྒྱ་གར་ནི་གནའ་བོའི་ཤེས་ཡོན་དར་བའི་རྒྱལ་ཁབ་ཅིག་ཡིན་ལ། འཛམ་གླིང་གི་ཚོགས་སྡེ་ཁག་ཏུ་འཚེ་བ་མེད་པ་དང་སྙིང་རྗེའི་རྩ་དོན་གོང་སྤེལ་གཏོང་མཁན་ཞིག་ཆགས་ཡོད།  ཅེས་གསུངས་འདུག

ཡང་༧མགོན་པོ་མཆོག་གིས། གོ་སྐབས་འདི་བརྒྱུད་ནས་ངོས་ཀྱིས་རྒྱ་གར་གཞུང་དང་མི་མང་གིས་བོད་མི་རྣམས་ལ་མཐུན་རྐྱེན་གང་ལེགས་སྦྱར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གྱི་བྱམས་སྐྱོང་དང་གཏོང་ཕོད་ལ་བརྟེན་ནས་བཙན་བྱོལ་དུ་ང་ཚོས་ཞི་བདེ་དང་རང་དབང་ཐོག་རང་ཉིད་ཀྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཡོད། རྒྱ་གར་གྱི་མི་རབས་གསར་པའི་གཅེན་གཅུང་ཁྲོད་དུ། ང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོ་རྟོགས་སྤེལ་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅེས་གསུངས་འདུག

མཇུག་ཏུ།  ཁྱེད་ཀྱི་སྲིད་བློན་གྱི་ལས་ཡུན་གསར་པའི་ནང་དུ། སྐུ་ཉིད་ཀྱིས་འབྱུང་འགྱུར་རྒྱ་གར་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་པའི་དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཡོད། ཅེས་ཐུགས་སྨོན་མཛད་འདུག

ད་ལོ་ནི་སྲིད་བློན་ནཱ་རན་ཌ་མུ་དྷི་མཆོག་ནས་རྒྱ་གར་གྱི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་ཐེངས་གསུམ་པ་དེ་ཡིན་ལ། ཁོང་ནི་གྷོ་ཇི་རཱ་ཊིའི་མེ་འཁོར་ཐབ་ཚང་ནང་ལས་ཀ་བྱེད་མཁན་ཞིག་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་བླངས་བ་དང་། གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡ་ན་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༨ ལོར་གྷོ་ཇི་རཱ་ཊིའི་གྲོས་ཚོགས་འཐུས་མིར་བདམས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྷོ་ཇི་རཱ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༢༠༡༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་མོལ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོ་ནས་ཁོང་རྒྱ་གར་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese