མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ པར་ཕྱག་རྟགས་སྩལ་གཏན་འཁེལ།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་ཕྱག་རྟགས་སྩལ་གཏན་འཁེལ་ཡོད་འདུག

དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ནས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ་དགོངས་འཁྲོལ་གསོལ་འདེབས་ཞུས་པ་བཞིན་དགོངས་འཁྲོལ་གནང་ཡོད་པར་བརྟེན། ཉེ་སྔོན་དགའ་ལྡན་ཁྲི་ཐོག་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པའི་འོས་གཞིར། མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་མཚན་གཞུང་ཕུལ་བ་ལྟར། ཆོས་རྗེ་སྐུ་བགྲེས་པ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་ཕྱག་རྟགས་བསྩལ་གཏན་ཁེལ་ཡོད་འདུག ད་ལྟའི་ཆར་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་བྷང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བཞུགས་ཡོད་འདུག་ལ། ཕྱི་ཟླ་ ༡༡ ཚེས་ ༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཕྱག་རྟགས་དངོས་སུ་ཕེབས་རྒྱུ་ཡིན།

ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེའམ་འཇམ་དཔལ་མཁས་བཙུན་དཔལ་བཟང་པོ་མཆོག་ནི། ༡༩༣༧ ལོར་མདོ་སྟོད་སྨར་ཁམས་ཚ་ལྷོ་རྫོང་དུ་ཡབ་མགོན་པོ་ཚེ་རིང་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་གྲངས་ ༧ ཙམ་ནས་ཡི་གེ་འབྲི་ཀློག་སྦྱངས་ཏེ་བོད་ནང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་། རྒྱ་ནག་དམར་པོས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་སྦག་སར་མཁས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་དེ། བཀའ་རམས་དང་སློབ་དཔོན། ལྷ་རམས་བཅས་ཀྱི་རྒྱུགས་འབྲས་ཨང་དང་པོར་སོན། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་སྔགས་ལ་བསླབ་པ་སོན་ཏེ་དགེ་བསྐོས་དང་དབུ་མཛད། མཁན་པོ་བཅས་རིམ་པར་གནང་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཤར་རྩེ་ཆོས་རྗེ་ལ་ཐུགས་གཏན་འཁེལ་བའི་ཕྱག་རྟགས་རིན་པོ་ཆེ་བསྩལ་གནང་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༠༢ ཚེས་ ༡༧ ཉིན་དགའ་ལྡན་ཕུ་ཁང་དང་། ཤར་རྩེ་གྲྭ་ཚང་། དགའ་ལྡན་ཚོགས་ཆེན་བཅས་སུ་ཁྲི་སྟོན་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

ཆུ་ཚོད་ ༡༤ སྔོན་ལ།
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥
སྲིད་སྐྱོང་མཆོག་གིས་ཨོ་གླིང་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༣ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐོག་ཨོ་གླིང་གཞུང་གི་ལངས་ཕྱོགས་གསལ་བོ་དགོས་པའི་རེ་སྐུལ་གནང་།

༢༠༢༥/༠༧/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese