མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༥ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་གྱིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་འདྲི་བརྩད་བྱེད་བཞིན་ཡོད་འདུག་ལ་ཡུལ་དེའི་ནང་ཆབ་སྲིད་རྩོད་རྙོག་ཆེན་པོ་འབྱུང་བཞིན་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཐོག་འཛིན་བཟུང་དང་འབྲེལ་བའི་ཡུལ་དེའི་སྲིད་འགྱུར། དྲ་ལམ་གྱི་པར།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་ (Yoon Suk Yeol) གྱིས་དབང་ཆ་ལོག་སྤྱོད་དང་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག ཁ་སང་ཕྱི་ཚེས་ ༡༥ ཉིན་འཛིན་བཟུང་བྱས་ཏེ་འདྲི་བརྩད་བྱེད་མུས་ཡིན་པ་མ་ཟད། རྒྱལ་ཁབ་དེའི་ལོ་རྒྱུས་ནང་སྲིད་འཛིན་ལས་ཐོག་ཞིག་འཛིན་བཟུང་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

ལྷོ་ཀོ་རི་ཡའི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་ཁུངས་ཀྱིས་སྲིད་འཛིན་ཡུན་འཛིན་བཟུང་བྱས་ཏེ་ཨུའུ་ཝང་གྲོང་ཁྱེར་ (Uiwang) དུ་ཡོད་པའི་སོལ་བཀག་ཉར་ཁང་ (Seoul Detention Centre) དུ་བཀག་ཉར་བྱས་ཏེ་འདྲི་བརྩད་བྱེད་བཞིན་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱལ་ཁབ་དེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ཡུན་སུག་ཡོལ་ལ་འཛིན་བཟུང་གི་བཀའ་རྒྱ་ཐེངས་དང་པོ་བཏང་ཡོད་ཀྱང་། ཉིན་དེར་སྲིད་འཛིན་ཡུན་གྱི་སྲུང་དམག་དང་ཁོང་གི་རྒྱབ་སྐྱོར་བ་མི་མང་གིས་བཀག་འགོག་བྱས་ཏེ་འཛིན་བཟུང་བྱེད་ཐུབ་མེད་པ་རེད།

ཉེས་མིང་སྐོར་ལ་སྐུ་ཞབས་ཡུན་གྱིས། ངའི་ངོས་ནས་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་ཁུངས་ཀྱིས་རྟོག་ཞིབ་བྱེད་བཞིན་པ་དེ་ཁྲིམས་མཐུན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་། འབྱུང་འགྱུར་མི་གསོད་ཁྲག་སྦྱོར་གྱི་རྐྱེན་ངན་མི་ཡོང་བའི་ཆེད་དུ་མདུན་དུ་ཐོན་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་བརྗོད་འདུག་ལ། ཁོང་གི་ཁྲིམས་རྩོད་པས། སྲིད་འཛིན་ཡུན་འཛིན་བཟུང་བྱས་པ་དེ་ཁྲིམས་འགལ་ཞིག་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་ཁུངས་ལ་ལྐོག་ཟ་རུལ་སུངས་མེད་པ་བཟོ་མཁན་ཞིག་ཡིན་པ་ལས། སྲིད་འཛིན་ཡུན་གྱི་ཉེས་མིང་ཐད་ཞིབ་འཇུག་བྱེད་པའི་དབང་ཆ་མེད་སྐོར་བརྗོད་འདུག་ལ། ཁོང་གི་རྒྱབ་སྐྱོར་བ་ཚོས་ཞིབ་བཤེར་ལས་ཁུངས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག

ཐེངས་འདིའི་བཀའ་རྒྱའི་འོག་ནས་ཆུ་ཚོད་ ༤༨ རིང་ཁོང་ལ་བཀག་ཉར་འདྲི་རྩད་བྱེད་ཆོག་གི་ཡོད་འདུག འོན་ཀྱང་། ཉིན་གྲངས་གཉིས་ཀྱི་རྗེས་སུ་སྲིད་འཛིན་ཡུན་ལ་མུ་མཐུད་བཀག་ཉར་དང་འདྲི་བརྩད་བྱེད་པར་བཀའ་རྒྱ་གསར་པ་ཞིག་དགོས་ཀྱི་ཡོད་འདུག གལ་ཏེ་བཀའ་རྒྱ་གསར་པ་གཏང་ཚེ་ཉིན་གྲངས་ ༢༠ རིང་བཀག་ཉར་འདྲི་བརྩད་བྱེད་ཆོག་གི་ཡོད་འདུག  བཀའ་རྒྱ་གསར་པ་མ་གཏང་ཚེ་ཁོང་ཀློད་གྲོལ་གཏོང་དགོས་ཀྱི་ཡོད་འདུག

སྲིད་འཛིན་ཡུན་གྱི་དྲག་པོའི་ཁྲིམས་གཞི་ཡོངས་ཁྱབ་གསལ་བསྒྲགས། ༢༠༢༤།༡༢།༠༣

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣ ཉིན་གྱི་མཚན་གུང་ཡུལ་དེའི་བརྙན་འཕྲིན་བརྒྱུད་ཡུན་སུག་ཡོལ་ལགས་ཀྱིས་དྲག་པོའི་ཁྲིམས་གཞི་ཞིག་ཡོངས་བསྒྲགས་བྱས་ཏེ། ཡུལ་དེའི་གྲོས་ཚོགས་ནང་དམངས་གཙོ་ཚོགས་པས་ཞབས་བཀྱག་མང་བ་བཟུང་ཡོད་པས་ཁོང་ཚོས་དམངས་གཙོའི་རང་དབང་བརྩི་མེད་རྡོག་རོལ་དུ་བཏང་ནས་སྲིད་གཞུང་གི་ལས་དོན་དང་སྔོན་རྩིས་སོགས་ལ་འགོག་རྐྱེན་བཟོ་ཡི་ཡོད་སྐོར་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ལ་ཡིད་ཆེས་དང་བཟོད་སྒོམ་དགོས་སྐོར་བརྗོད་ཡོད་པ་དང་འབྲེལ། བྱང་ཀོ་རི་ཡའི་ལྷོ་ཀོ་རི་ཡ་གཞུང་ལ་རྒོལ་རྡུང་གི་ཇུས་ངན་ཡང་དེའི་ནང་དུ་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཟླ་དེའི་ཕྱི་ཚེས་ ༤ ཉིན་ཡུལ་དེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པས་སྣེ་འཁྲིད་དེ་སྲིད་འཛིན་གྱི་དྲག་པོའི་ཁྲིམས་གཞི་ངོས་ལེན་བྱས་མེད་པའི་ཁར། དེ་ནི་དབང་ཆ་ལོག་སྤྱོད་དང་རྒྱལ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པའི་ཉེས་མིང་བཙུགས་ཏེ། ཟླ་དེའི་ཕྱི་ཚེས་ ༡༡ ཉིན་ཡུལ་དེའི་རྒྱལ་སྲུང་བློན་ཆེན་ཀེམ་ཡོང་ཧོན་ (Kim Yong Hyun) དང་། རྒྱལ་ཡོངས་སྤྱི་ཁྱབ་ཉེན་རྟོག་དཔོན་ཆོ་ཇི་ཧོ་ (Cho Ji Ho)། རྒྱལ་ས་སོལ་གྱི་ཉེན་རྟོག་ཁང་གི་སྤྱི་ཁྱབ་པ་སོགས་འཛིན་བཟུང་བྱས་ཤིང་། ཕྱི་ཚེས་ ༡༤ ཉིན་ཡུན་སུག་ཡོལ་སྲིད་འཛིན་གྱི་ལས་གནས་ནས་གནས་སྐབས་གནས་དབྱུང་བཏང་བ་མ་ཟད། ཕྱི་ཚེས་ ༣༡ ཉིན་རྒྱལ་ས་སོལ་གྱི་ཁྲིམས་ཁང་ཞིག་གིས་ཡུན་སུག་ཡོལ་འཛིན་བཟུང་གིས་ཞིབ་བཤེར་བྱེད་ཆོག་པ་དང་ལྷོ་ཀོ་རི་ཡ་ནས་ཕྱིར་ཐོན་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག་ལ། ཟླ་དེའི་ཕྱི་ཚེས་ ༡༤ ཉིན་ལྷོ་ཀོ་རི་ཡའི་སྲིད་བློན་ཧན་ཌོག་སུའུ་ (Han Duck-soo) ཡིས་བར་བརྒལ་སྲིད་འཛིན་གྱི་ལས་གནས་འཁུར་ཡོད་ཀྱང་། ཕྱི་ཚེས་ ༢༧ ཉིན་ཡུལ་དེའི་གྲོས་ཚོགས་ཀྱིས་ཧན་ཌོག་སུའུ་ཡིས་སྲིད་འཛིན་ཟུར་པར་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་གནས་དབྱུང་བཏང་། ད་ལྟའི་ཆར་ལྷོ་ཀོ་རི་ཡའི་དཔལ་འབྱོར་བློན་ཆེན་ཆོའེ་སང་མོཀ་ (Choi Sang-mok) ཡིས་སྲིད་འཛིན་ལས་ཚབ་ཀྱི་འགན་འཁུར་ཡོད་འདུག

ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་རྩོད་རྙོག་ཆེན་པོ་ཡོང་གི་ཡོད་པའི་ཁར། ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་འགག་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ཐད་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་ཀྱི་ཡོད་འདུག ཕྱོགས་འགལ་དམངས་གཙོ་ཚོགས་པས། རྒྱལ་ཁབ་ཚད་ལྡན་དུ་གནས་ཐུབ་པའི་ཐབས་ལམ་ཉག་གཅིག་ནི་གྱེན་ལོག་པའི་སྟོབས་ཤུགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུ་དང་ལྷོ་ཀོ་རི་ཡའི་དཔལ་འབྱོར་གྱི་གནས་བབ་ཉམས་དམས་སུ་གཏོང་བར་ཉེན་ཁ་བཟོ་མཁན་གྱི་ཆབ་སྲིད་པ་རྣམས་རྩ་མེད་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག་ལ། མུ་མཐུད་ཕྱོགས་འགལ་དམངས་གཙོ་ཚོགས་པ་དང་གཞུང་འཛིན་མི་དམངས་སྟོབས་ཤུགས་ཚོགས་པ་གཉིས་བར་ནང་འཁྲུག་ཆེན་པོ་ཡོང་མུས་ཡིན་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ཉིན་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ལྕམ་ཕར་ཁཱི་གྷིན་ཧི་ (Park Geun-hye) ལ་ལྐོག་རྔན་སྤྲོད་ལེན་གྱི་ནག་ཉེས་གཡོགས་ཏེ་སྲིད་འཛིན་ནས་གནས་དབྱུང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ ཉིན་ལྕམ་ཕར་ཁཱི་གྷིན་ཧི་ལ་རྒྱུ་ནོར་ལྐོག་ཟ་དང་ཆབ་སྲིད་མི་སྣའི་བར་ལ་ལྐོག་རྔན་སྤྲོད་རེས། དེ་བཞིན་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་བ་དང་དབང་ཆ་ལོག་སྤྱོད་ཀྱིས་གཞན་ལ་ལས་དོན་བཙན་སྐུལ་བྱས་པ་བཅས་ཀྱི་ནག་ཉེས་གཡོགས་ཏེ། མི་ལོ་ ༢༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese