རྒྱ་གཞུང་ལ་འབོད་སྐུལ།

ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་བཏོན་འདུག

་་་

ཨེ་ཝེ་ཝེ་ནང་མིར་ཐུག་འཕྲད།

 རྒྱ་གཞུང་གིས་སྒྱུ་རྩལ་པ་ཨེ་ཝེ་ཝེ་བཙན་འཁྲིད་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་ཏེ། ཉིན་ ༤༠ ལྷག་འདས་པའི་རྗེས་ཐོག་མར་ཁོང་གི་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུགས་འདུག
་་་

འོས་ཤོག་ཐོབ་ཆེད་རེད།

ཨེ་རན་གྱི་སྲིད་འཛིན་མཱ་ཧ་མོའི་ཌི་ཡིས་ཐེངས་འདིར་ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་བྷེན་ལཱ་ཌན་བསད་ཟིན་སྐོར་བརྗོད་པ་དེ་ནི། སྲིད་འཛིན་ཨོ་བྷ་མར་ཐེངས་རྗེས་མར་འོས་ཤོག་ཐོབ་ཆེད་ཡིན་སྐོར་བརྗོད་འདུག

་་་

ཨོ་བྷ་མས་ཁྲིམས་འགལ་བྱས་སོང་།

དྲག་སྤྱོད་པ་བྷེན་ལཱ་ཌན་གྱི་བུ་བཞི་བ་ཨོ་མར་བྷེན་ལཱ་ཌན་གྱིས་ཐེངས་འདིར་ཨ་རིའི་གཞུང་གིས་ལག་ཏུ་མཚོན་ཆ་མེད་པའི་བྷེན་ལ་ཌན་དམར་གསོད་བཏང་བ་དེ་ཁྲིམས་འགལ་རེད་ཟེར།

་་་

ཐེ་ཝན་གྱི་བློ་འཚབ།

ཐེ་ཝན་སྲིད་འཛིན་མ་ཡཱན་ཅིག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡིག་ཆའི་ནང་།ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱས་པར་རྒོལ་གཏམ་བསྒྲགས་འདུག  

་་་

རང་བཙན་ལ་འོས་ཐོབ་འདུག

སི་ཁོ་ཊི་ལན་ཌི་རང་སྐྱོང་ས་ཁུལ་གྱིས་དབྱིན་ཇིའི་འོག་ནས་རང་བཙན་བྱ་འདོད་ཡོད་མེད་ཐོག རང་ཐག་རང་གཅོད་ཀྱི་མང་མོས་འོས་བསྡུ་བྱས་པར་རང་བཙན་འདེམ་མཁན་བརྒྱ་ཆ་ལྔ་བཅུ་ལས་བརྒལ་ཡོད་འདུག 

་་་

སྐུ་ཚབ་དོན་གཅོད་གསར་པ།

༧གོང་ས་མཆོག་ལ་འཆར་འབུལ་ཕྱག་རྟགས་ཞུས་པ་ལྟར། ཧྥ་རན་སིར་གནས་བཞུགས་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་ཅིང་། ཕྱི་ཟླ་ ༦ ཚེས་ ༡ ནས་ལས་འཁུར་ཞུ་རྒྱུ་ཡིན་འདུག

་་་

དབྱིན་ཇིའི་རྒྱལ་སྲས་གཉེན་སྒྲིག

དེ་རིང་དབྱིལ་ཇིའི་རྒྱལ་སྲས་ཝེལ་ལེམ་མཆོག་གིས་གཉེན་སྒྲིག་བྱས་ཡོད་པ་དང་། གཉེན་སྒྲིག་གི་ཆོ་ག་དེ་རྒྱལ་ས་ལོན་ཌོན་དུ་ཧ་ཅང་གཞི་རྒྱ་ཆེན་པོ་ཐོག་སྤེལ་ཡོད་འདུག

་་་