མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུན་ནན་ལ་ས་འགུལ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ། ད་ལྟའི་རྒྱ་ནག་གི་མངའ་ཁུལ། ཡུན་ནན་ཞིང་ཆེན་ཁྲུའུ་ཞོང་དབྱི་རིགས་རང་སྐྱོང་ཁུལ་ཡའོ་ཨན་རྫོང་དུ་ཚད་རིམ་ ༦ . ༠ ཅན་གྱི་ས་ཡོམ་ཆེན་པོ་ཞིག་བརྒྱབས་ཡོད་པ་དང་། ཡུན་ནན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་ནས་ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༡ བར་ཤེས་རྟོགས་བྱུང་བ་ལྟར་ན། མི་ ༡ ཤི་བ་དང་མི་ ༣༢༠ ཙམ་ལ་རྨས་སྐྱོན་ཕོག་པ། ཁང་པ་ ༣༤༠༠ ཙམ་རྡིབ་སྐྱོན་བྱུང་ཡོད་ཚུལ་བརྗོད་འདུག

རྒྱ་ནག་གི་ས་ཡོམ་དྲ་བས་ཚད་འཇལ་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ནི་འཕྲེད་ཐིག་བྱང་ལ་ཚད་ ༢༥ .༦ དང་། ཤར་གྱི་གཞུང་ཐིག་གི་ཚད་ལ་ ༡༠༡ . ༡ ཙམ་གྱི་སར་བྱུང་ཡོད་པ་དང་། ས་ཡོམ་གྱི་ཟབ་ཚད་སྤྱི་ལེ་ ༡༠ ཙམ་ཟིན་ཡོད་འདུག ཐེངས་འདིའི་ས་ཡོམ་གྱིས་ཡུན་ནན་ཞིང་ཆེན་འོག་གི་རྫོང་ ༩ དང་། མི་གྲངས་འབུམ་བདུན་ ༧༠༠༠༠༠ ཙམ་ལ་གནོན་སྐྱོན་ཕོག་ཡོད་འདུག  

དེ་རིང་སྔ་དྲོ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིར་ཡུན་ནན་ནང་ས་འགུལ་བྱུང་མ་ཐག ཡུན་ནན་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་ལའོ་ཀྲེང་ཧྤུ་རྟོགས་ཞིབ་ཏུ་སྐྱོད་ཡོད་པ་དང་། ཀྲུང་གོའི་རང་བྱུང་གནོད་འགོག་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་སྡེ་ཁག་གཉིས་ནས་རྒུད་སྐྱོབ་སྒྲིག་ཆས་དང་སྦྲ་གུར་ ༥༠༠༠ ཙམ་དྲ་སྒྲིག་གིས་ས་གནས་སུ་བསྐྱོད་ཡོད། དེ་བཞིན། ཡུན་ནན་ཞིང་ཆེན་དམངས་སྲིད་ཁང་གིས་སྦྲ་གུར་ ༢༥༠༠ དང་ཉལ་ཆེས་ ༣༠༠༠ ཙམ་ས་གནས་སུ་བསྐྱལ་ཡོད་ཚུལ་བསྒྲགས་འདུག

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 9

  1. རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱ་དམར་ནི་བོད་མི་དང་རྒྱ་མི་གཉིས་ཀའི་དགྲ་ངན་རེད།
    རྒྱ་དམར་གྱི་སྲིད་དབང་ལ་ཉེན་ཁ་ཡོད་ན་བོད་མི་དང་རྒྱ་མི་ཁྱད་མེད་ཀྱི་བཙན་གནོན་བྱེད་པ་ངེས་ཡིན།དེ་ཡིན་པའི་རྐྱེན་གྱིས་ངེད་ཅག་བོད་པ་ཚོ་ས་ཡོམ་དུ་ཚེ་ལས་འདས་པའི་རྒྱ་མི་དང་མི་རིགས་གཞན་པ་ཚང་མ་ལ་སྙིང་རྗེ་ཤ་ཚའི་བསམ་བ་ཡོད་དགོས།

    Reply
  2. ཨ་ལལ says:
    ལོ་ 17 སྔོན།

    མིའུ་ཕྲུག་ལགས།ཁྱེད་ཀྱི་དགོངས་པ་བཞེས་ཕྱོགས་ཅུང་ཞིག་ནོར་ཡོད་པ་འདྲ།ཐེངས་སྔ་རྗེས་སུ་རྒྱ་ནག་ལ་ས་ཡོམ་བརྒྱབས་པ་དེ་འབྱུང་བའི་འཇིག་པ་ཞིག་ལས་ང་ཚོའི་བོད་པ་ལ་འབྲེལ་བ་ཅི་ཡོད།དེ་བཞིན་དུ་ད་དུང་བོད་ཁུལ་དུ་འང་ས་ཡོམ་མི་ཡོང་བ་སུ་ཞིག་གིས་ཁེག་ཐེག་བྱེད་ནུས།འདི་དག་ཐམས་ཅད་སྤྱི་ཡོངས་ཀྱི་སྡུག་བསྔལ་ཞིག་ཡིན་པས་ང་ཚོས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་པ་ལས་དགའ་བ་ཅིའི་ཕྱིར་སྒོམ་རུང་།ཁྱེད་མ་མཐོང་ངམ་སྡུག་བསྔལ་འདིའི་འོག་ཏུ་ཚུད་པ་ཐམས་ཅད་འབངས་མི་དཀྱུས་མ་ཁོ་ན་ཡིན་པས་སྐབས་འདི་འདྲ་ཞིག་ལའང་རྒྱ་དཔོན་རྣམས་ཀྱིས་ཕྱི་ཚུལ་ཙམ་ལས་དོན་དམ་གྱི་སེམས་ཁུར་ཞིག་བླང་སྲིད་དམ།ང་ཚོས་དངོས་གནས་ཁོང་ཚོར་སེམས་གསོ་བྱེད་དགོས་པ་ནི་ང་ཚོ་བོད་པ་ཞིག་དང་ལྷག་པར་དུ་མིའི་འགྲོ་བ་ཞིག་ཡིན་པའི་ཆ་ནས་སྐབས་དོན་ཡིན།

    Reply
  3. ནད་པ says:
    ལོ་ 17 སྔོན།

    ལོ་ངོ་ཉིས་སྟོང་གི་ཡར་སྔོན་ལ་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུངས་པ་ལྟར་ནང་པའི་རྗེས་འཇུག་ཚོས་ཀྱང་ལུང་ཚད་མ་ལ་བརྒྱབ་བརྟེན་བཅོལ་ནས་ཡིད་ཆེས་བྱས་ཡོད།
    ནུབ་ཕྱོགས་ཀྱི་གྲགས་ཅན་ཚནརིག་པ་ཨཡིན་སེ་ཏིན་གྱིས་ཁོན་ཊོན་དངོས་ཁམས་རིག་པའི་ནང་ཆོས་ཅམས་ཅད་སྐད་ཅིག་ཀྱང་རྒྱུན་མི་བརྟན་པའི་རང་བཞིན་དུ་བརྟོགས་ནས་ཚན་རིག་པ་ཚོས་མྱོང་བ་ཚད་མ་ལ་གཞི་བཅོལ་ཏེ་ཡིད་ཆེས་བྱེད།

    དུས་རབས་ཉེར་གཅིག་པ་འདིར་༸ གོང་ས་མཆོག་གིས་སངས་རྒྱས་ཀྱི་གསུང་གི་སྙིང་པོ་ཟབ་མོ་སྟོང་ཉིད་རིག་པ་འདི་དང་། དེང་རབས་ཚན་རིག་ཁྲོད་ངོ་མཚར་ཆེ་བའི་ཁོན་ཊོན་དངོས་ཁམས་རིག་པའི་ཤེས་རིག་འདི་གཉིས་ཐད་ལ་མཐུན་ཆ་ཞིག་ཡོད་པ་དེ་མངོན་སུམ་གྱི་མྱོང་བ་ཚད་མ་དང་། རྒྱུ་མཚན་ཚད་མ། ལུང་ཚད་མ་དག་ལས་དག་ཐེར་ཆེས་ཆེར་མཛད་བཞིན་ཡོད།
    རྒྱ་ནག་ཙམ་མ་ཟད་འཇིག་རྟེན་འདིར་དར་རྒུད་སྣ་ཚོགས་ཅིག་བྱུང་དང་འབྱུང་བཞིན་པ་འདིས་རང་བྱུང་གི་ཁམས་ཆེན་པོས་ང་ཚོར་ངེས་མེད་ཆོས་ཉིད་ཀྱི་གོ་རྟོགས་ཡང་དག་ཞིག་མངོན་སུམ་དུ་ར་སྤྲོད་བྱེད་བཞིན་པ་ཞིག་མ་ཡིན་ནམ།།

    Reply
  4. ཨ་འཕྲིན། says:
    ལོ་ 17 སྔོན།

    རང་བྱུང་ཁམས་ཀྱང་ཉམ་ཐག་ཚོགས་ལ་སྡང་།

    Reply
  5. མིའུ་ཕྲུག says:
    ལོ་ 17 སྔོན།

    མི་རིགས་མང་པོས་ཞི་རྒོལ་དང་། རང་བྱུང་ཁམས་ཀྱིས་དྲག་རྒོལ་གཉིས་ཀྱིས་རྒྱ་དམར་གྱི་ལས་དབང་ལ་ཉེན་བརྡ་ཞིག་སྤྲོད་ཀྱིན་འདུག ཁེ་མཚར་བ་ཞིག་ལ་ན་ལོ་བོད་པའི་ཞི་རྒོལ་གྱི་མཇུག་དང་ད་ལོ་ཤིན་ཅང་ཞི་རྒོལ་གྱི་མཇུག་ཐོག་དེ་ག་རང་དུ་ས་ཡོམ་འདི་རྒྱུ་མཚན་ཞིག་མེད་དམ

    Reply
  6. འཁྱམས་པོ། says:
    ལོ་ 17 སྔོན།

    རང་བྱུང་ཁམས་ཀྱི་ཆགས་འཇིག་རེད།
    དེ་ནི་ཟློག་མེད་དུ་གྲུབ་པའི་བྱེད་ཐབས་གང་ཡོད།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མ་རྒན་སེམས་ཅན་འདི་ཚོ་སྙིང་རེ་རྗེ།

    Reply
  8. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    དཀོན་མཁྱེན་ད་ཅི་བྱེད་བོདའདི་རྫོགས་རྒྱུ་རེད་

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ས་འགུལ་གྱིས་ཀྱང་ཉེས་མེད་མི་མང་ལ་ཐུབ་ཚོད་གཏོང་གི་འདུག སྙིང་རེ་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese