མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲག་ཆར་དང་འདམ་ཉིལ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༥ ཉིན་གྱི་དགོང་མོ་ལྷ་ས་སྙེ་མོ་རྫོང་དུ་ཆར་ཆེན་བབས་པའི་དབང་གིས་རི་ཉིལ་འདམ་ཟེགས་ཀྱི་དོན་རྐྱེན་བྱུང་སྟེ། ས་གནས་མང་ཚོགས་ ༡༥༡ ཙམ་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ལམ་དང་ཞིང་ཁ། ཁང་པ་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཤིང་། གློག་དང་ཆུ་ཆད་པ། ལམ་ཁ་འགག་པ། བཅའ་དངོས་མང་པོ་བོར་རླག་བཅས་ཀྱི་གནས་ཚུལ་བྱུང་ཡོད་འདུག ད་ལྟ་རྫོང་དང་འབྲེལ་ཡོད་ཚན་པས་གོ་སྒྲིག་འོག གནོད་འཚེ་ཐེབས་ཡུལ་དུ་རས་གུར་ ༤༠ ལྷག་ཕུབ་སྟེ། རྒུད་སྐྱོབ་ཀྱི་ལས་དོན་སྒྲུབ་ཀྱིན་ཡོད་ནའང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཁོ་དངོས་ཆ་རྐྱེན་ཐད་མུ་མཐུད་དཀའ་ངལ་འཕྲད་ཀྱིན་ཡོད་འདུག གོང་གི་གནད་དོན་དེའི་སྐོར་རྒྱ་ནག་གི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། ཐེངས་འདིའི་གོད་ཆགས་ཁྲོད་སྙེ་མོ་རྫོང་ལ་རྒྱ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ཁྲི་དྲུག་ ༥༥༦༠༠༠༠༠  གི་གྱོང་གུད་བཟོས་ཡོད་སྐོར་ཙམ་ལས། མི་ཤི་རྨས་དང་རང་བྱུང་གནོད་འཚེ་ཐེབས་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག

དེ་རིང་བོད་ལྗོངས་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་དོན་ལྟར་ན། ད་དུང་མུ་མཐུད་དུ་བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་བ་ཤུགས་ཆེན་འབབ་རྒྱུ་ཡིན་པ་མ་ཟད། དྲོད་ཚད་ཀྱང་མར་ཆགས་ཏེ། རིམ་པ་ ༡ ལ་སླེབས་རྒྱུ་ཡིན་སྟབས་མི་ཚང་མས་ལ་བ་དྲོན་པོ་གྱོན་ཏེ་ཆམ་ནད་འཕོག་རྒྱུར་སྔོན་འགོག་བྱ་དགོས་པའི་སྐུལ་མ་བཏང་འདུག་ལ། གཞིས་རྩེ་དང་ནག་ཆུའི་ཤར་རྒྱུད་དུ་ཆར་བ་ཆུང་ཙམ་འབབ་རྒྱུ་ཡིན་པ་དང་། ཆབ་མདོ་དང་ཉིང་ཁྲི། ལྷོ་ཁ་གསུམ་ལ་ཆར་བ་འབྲིང་ཙམ་འབབ་རྒྱུ་ཡིན་པ། གཞན། གཞིས་ཀ་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་བཅས་ལ་དྲག་ཆར་བསྟུད་མར་འབབ་རྒྱུ་ཡིན་པ་དང་། དྲོད་ཚད་ཀྱང་མུ་མཐུད་མར་ཆགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

 

 

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 5

  1. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 14 སྔོན།

    སྙིང་རྗེ་ཁོང་རྣམས་གང་མགྱོགས་དཀའ་ངལ་ལས་ཐར་བ་ཤོག

    Reply
  2. གངས་ཅན་པའི་ལས་དབང་། says:
    ལོ་ 14 སྔོན།

    བོད་རིགས་སྤུན་ཟླ་ཚོར་ངེད་གངས་ཅན་པའི་ཡུལ་ལ་འདི་འདྲ་བའི་གནོད་ཚབ་བྱུང་རྒྱུ་མང་བ་ལ་ལས་དབང་ཞིག་རེད་ཡ། ཡང་ན་གོ་ལའི་ཟླུམ་པོའི་འབྱུང་བཞིས་འཕེལ་ཟད་འཁྲུགས་གསུམ་དབང་གིས་གངས་ཅན་པ་ལ་གནོད་ཚབ་བྱུང་བ་རེད་བས།
    དཔེར་ན། མེའི་དྲོད་ཚད་ལྡན་པའི་འབྱུང་བཞི་ཟད་ནས་རླན་གཤེར་ལྡན་པས་ཆུའི་འབྱུང་བཞི་འཕེལ་ནས་འདི་འདྲ་བྱུང་རེད་བས།

    Reply
  3. ལི་ཐང་བཤད་སྒྲུབ says:
    ལོ་ 14 སྔོན།

    དེ་འདྲ་དངོས་གནས་དཀའ་རེད་

    Reply
  4. བསེ་རུ། says:
    ལོ་ 14 སྔོན།

    ནོར་བཅོས།
    ཁོར་ཡུག་གི་ལ། ཞེས་པ། ཁོར་ཡུག་ལ་ཞེས་པར་བཅོས་རོགས།
    གི་སྒྲ་བཏགས་ནོར་ཤོར་འདུག

    Reply
  5. བསེ་རུ། says:
    ལོ་ 14 སྔོན།

    རང་བྱུང་ཁོར་ཡུག་གི་ལ་བདག་གཅེས་མ་བྱས་ན་ནམ་ཞིག་འཇིག་རེྟེན་འདིའི་ཡོད་ཚད་གོད་ཆག་གི་ཀློང་ནས་འཇའ་ལྟར་ཡལ་ངེས་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist