མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མེག་གྷན་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གི་བཙོན་འཇུག་མནར་གཅོད་འོག་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་པ་བུ་ལུག་ལགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་ཆེད་ཡིན་འདུག

མར་མེ་ཁྲོམ་སྐོར་མཇུག་སྡོམ་སྐབས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་ཚོགས་རྒྱལ་གཅེས་པ་ཁོང་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་གཏམ་བཤད་གནང་དོན། རྒྱ་ནག་གཞུང་གིས་ང་དགུ་ཚུན་ལ་རྒྱལ་ཁབ་བཙན་བཟུང་དང་བོད་མི་ཚོར་དམར་གསོད་དང་མནར་གཅོད། བཙོན་འཇུག་སོགས་བྱས་ཏེ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་ཀྱིན་པ་དེ་བོད་མི་རིགས་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པ་དང་བཟོད་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་དང་།

རྒྱལ་གཅེས་ལྷག་བསམ་ཅན་བུ་ལུག་ལ་མཚོན་ན། རྒྱ་ནག་གཞུང་གི་བཙོན་ཁང་དུ་སྡོད་རིང་གཅར་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། ནང་མི་སྤུན་མཆེད་སུ་གང་ལའང་ཐུག་འཕྲད་བྱེད་མ་བཅུག་པའི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་ཡོད་པ་འདི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དེ་དག་གི་ཐད་ལ་རྒྱལ་སྤྱིའི་ངོས་ནས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ་རྒྱབ་སྐྱོར་གནང་དགོས། གནས་ཚུལ་འདི་རིགས་རྒྱལ་སྤྱིའི་མི་མང་གིས་མཁྱེན་རྟོགས་ཡོང་ཆེད། ང་ཚོ་ཚོགས་པ་ལྔས་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་མ་ཟད། བོད་མི་ཚང་མས་ཀྱང་བོད་ནང་གི་བོད་མིའི་གནས་སྟངས་ཤེས་པའི་ཐོག་ནས་འབད་བརྩོན་བྱ་དགོས། ཞེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 7

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལྕགས་དང་གློག་གིས་ལུས་ལ་ཁྲབ་པས་རྣམ་ཤེས་ཕྱིར་ལ་འཕྱུང་བའི་ལོ་རབས་གཅིག།
    བཟས་བཅད་སྡུག་སྣ་དགུ་ཡིས་བཙོན་ཁང་ཁྲག་གི་གཡོལ་བའི་སྤུན་ཟླའི་སེམས་འཕྲེང་གཉིས།
    རང་ལུས་དུམ་བུ་བརྒྱ་རུ་སྟུབ་ཀྱང་དམ་བཅའི་རི་མོ་མི་ཟུབ་རྡོ་བརྐོས་གསུམ།
    དཔའ་བོ་བུ་ལུག་གཙོས་པའི་རིགས་མཐུན་སྤུན་ཟླའི་ཆེད་དུ་ཚེ་སྲོག་འབུལ་རྣམས་རྒྱལ།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གདུང་སེམས་མཉམ་བསྐྱེད་བྱེད་པ་ལ་རྗེས་སུ་ཡིད་རང་ཡོད།
    ད་དུང་གཞུང་འབྲེལ་གྱི་སྟེང་ནས་གདུང་སེམས་མཉམ་བསྐྱེད་བྱས་ན་ཡག་པོ་མེད་འགྲོ་སྙམ།

    Reply
  3. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི།། དཀའ་བ་རྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་མཛོད།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ། བུ་ལུག་ལགས། འདས་གྲོངས་སུ་གྱུར་བར། མྱ་ངན་གུས་འདུད་དང་། ཁོང་གི་ནང་མི་ཡོངས་ལ། གདུང་སེམས་མཉམ་སྐྱེད་ཡོད་ལགས། དལ་འབྱོར་རིམ་བརྒྱུད་ཀྱིས། མྱུར་དུ་སངས་རྒྱས་ཤོག །

    Reply
  5. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ཡིད་སྐྱོའི་གནས་ཚུལ་འདིའི་སྐོར་ཅུང་གསལ་བཤད་ཞུས་ན།

    འདི་ཟླའི་ཕྱི་ཚེས་ ༢༥ ཉིན་གུང་ལྷ་སའི་ཆུ་ཚོད་ ༡༢ དང་ཕྱེད་ཐོག་རྒྱལ་གཅེས་དཔའ་བོ་བུ་ལུག་དེ་ཉིད་ལྷ་སའི་སྨན་ཁང་ཞིག་ཏུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་ཡང་
    རྒྱལ་གཅེས་དཔའ་བོ་བུ་ལུག་ནི་བོད་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོང་འཛི་སྒར་ཤང་པདྨ་གོང་ཧྲེ་སྟག་ཆེན་སྐེ་ནས་ཡིན་ཞིང། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་དྲུག་པའི་ནང་ཁམས་འཇོ་མདའ་སྐྱབས་ཆེ་དགོན་དུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ཏེ་གོང་ས་མཆོག་ལ་མཚན་སྨོད་ཀྱི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བར་དགེ་འདུན་པ་གཅིག་གིས་ཀྱང་མིང་རྟགས་མ་བཀོད་པར་ཕྱོགས་གང་སར་བྲོས་བྱོལ་དུ་ཕེབས་ནས་ཟླ་ངོ་གཅིག་རིང་དགོན་པར་དགེ་འདུན་པ་གཅིག་ཀྱང་མེད་པར་ཆགས་ཡོད།
    གནས་ཚུལ་འདི་ནི་ལྔ་བཅུ་ང་དགུའི་རྗེས་ཀྱི་དགོན་པ་སྟོང་པ་ཆགས་པ་ཐེངས་དང་པོ་དེ་ཡིན་འདུག ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༢༧ ཉིན་གོང་གསལ་མི་ངོ་རྣམས་སྐབས་དེར་རྒྱ་གཞུང་ཉེན་རྟོག་མི་སྣས་གྲོང་ཚོའི་འགོ་ཁྲིད་ཁོངས་མི་ཡིན་པ་བུ་ལུག་སོགས་མི་ལྔ་ཆེད་འགུག་གིས་དགོན་པའི་དགེ་འདུན་པ་གང་དུ་ཡོད་ན་ཆ་ཚང་རྩིས་སྤྲོད་དགོསཔའི་བཙན་བཀའ་བཏང་བར་ངོས་ལེན་མ་བྱས་པའི་ཉེས་མིང་འོག་ཐོག་མར་བོད་ལྗོངས་ཆབ་མདོའི་བཙོན་ཁང་དང། དེ་ནས་བོད་ལྗོངས་སྤོ་བོ་རྫོང་གི་བཙོན་ཁང་དུ་བཅུག་ནས་། བཙོན་ཁང་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན་ལོ་སྔོན་མ་ནས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡང་ནང་མི་སྤུན་མཆེད་ཚུན་ཆོད་ད་བར་ཐུག་ཕྲད་བཅུག་མེད། ཁ་སང་དགོང་མོ་བཙོན་ཁང་ནས་ལྷ་སའི་སྨན་ཁང་དུ་ཁུར་འདུག་ཀྱང་དྲག་བསྐྱེད་གང་ཡང་མ་བྱུང་བར་ཕྱི་ལོ་ ༢༠༡༡ ལོའི་ ༣ ཚེས་ ༢༥ ལྷ་སའི་ཆུ་ཚོད་ ༡༢ དང་ཕྱེད་ཐོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

    Reply
  6. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    ང་ཚོ་སྤྱི་སྒེར་ཚང་མས་ཁ་ནས་གསུང་པ་ནང་བཞིན་ལག་ལེན་དོན་ཐོག་འགྲོ་ཐུབ་ན་སྙམ་པ་ཞིག་ཚང་མའི་སེམས་ནང་ཡོད་ཀྱང་། དེ་གཉིས་དབར་རྒྱངས་ཐག་ཤིན་ཏུ་རིང་བ་ནི་དངོས་ཡོད་གནས་ཚུལ་ཞིག་རེད།

    Reply
  7. ཁྱུང་དཀར says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་བུ་ལུག་ལགས་འདས་གྲོངས་སུ་གྱུར་བ་མྱ་ངན་གུས་འདུད་དང་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese