༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ནས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་བཀའ་དབང་ལྷག་མ་གནང་རྒྱུའི་ཐད། ཟླ་ཤས་སྔོན་ནས་གསལ་བསྒྲགས་བྱས་པ་ཚང་མས་དགོངས་མངའ་ལྟར་ཡང་། ཕྱི་ལོ་༢༠༡༡་ཕྱི་ཟླ་༡༢་པའི་ཚེས་༢༧་གི་དགུང་མོར།རིན་པོ་ཆེ་བླ་བྲང་ནས་གསར་འཕྲིན་ཞིག་འབྱོར་བའི་ནང་། རིན་པོ་ཆེ་ཟླ་ཤས་སྔོན་ནས་ཞབས་སྙུན་གཞི་བྱུང་བ་དྲག་སྐྱེད་ཡོང་རྒྱུའི་རེ་བ་བྱས་ཏེ་ཐབས་ཤེས་གང་དྲག་བྱས་རུང་། ད་ཆར་ཡང་སྙུན་གཞི་སྔ་མུས་ལྟར་གནས་པ་ལས་དྲག་སྐྱེད་མ་བྱུང་བར་བརྟེན། ལོ་འདིར་བཀའ་དབང་ཕྱིར་འཐེན་གནང་རོགས་ཞེས་གསུང་དོན་ལྟར། ཚོགས་ཆུང་ངོས་ནས་བཀའ་དབང་ཕྱིར་འཐེན་མ་བྱས་ཐབས་མེད་བྱུང་སོང་བས་ཆོས་ཞུ་བ་ཡོངས་ནས་དགོངས་ཁྲོལ་མེད་པ་ཞིག་འབོད་སྐུལ་དང་འབྲེལ་རྗེས་སུ་བཀའ་དབང་དུས་ཚོད་གཏན་ཁེལ་མཚམས་དུས་ཐོག་གསལ་བརྡ་ཞུ་ཆོག་པ་བཅས་མཁྱེན་མཁྱེན་མཁྱེན།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)