མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་ལྡན་བུ་སྐྱེ་ཁྲོད་ཀྱི་གཤིས་བཟང་བུ་མོ།

བོད་ཀྱི་དུས་བབ།
༢༠༡༧/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

                       ནག་པོ་གཤིན་རྗེ་གཤེད།

དྲན་ཚུལ་ཞིག་ནས་ཕྱིར་འདང་རེ་བྱས་ན་ལྔ་བཅུ་ང་བརྒྱད་ལོའི་རླུང་དམར་ཁྲོད་ཀྱི་མི་ཤི་རྟ་འགྱེད་ཀྱི་གོད་ཆག་ངན་པ་དེ་དག <<ནགས་ཚང་ཞི་ལུའི་སྐྱིད་སྡུག>> གི་དེབ་ངོགས་ན་གློག་བརྙན་བཞིན་མིག་མདུན་དུ་བཤམས་ཡོང་ལ། གཏམ་རྒྱུད་དེའི་ཁྲོད་ན་ཡང་བོད་ཀྱི་སྐྱེད་མ་རྣམས་ནི་རང་ལས་གཞན་གཅེས་བར་འཛིན་མཁན་གྱི་ཆེས་བློ་ལྡན་དང་། ཆེས་ངང་རྒྱུད་རིང་བ། ཆེས་རྟུལ་ཕོད་ཅན་དང་། ཆེས་བློ་རྒྱ་ཅན། ཆེས་དཔའ་མཛངས་ཅན་ཞིག་ཡིན་པའི་ངེས་ཤེས་ང་ལ་སྐྱེས་སུ་བཅུག་ཡོད། སྤྱིར་ང་ནི་ང་བརྒྱད་ལོའི་རླུང་དམར་ཁྲོད་དུ་མནར་གསོན་པ་ཞིག་མིན་ལ། ད་དུང་དེའི་སྐབས་ཀྱི་བཀྲེས་ལྟོགས་ཀྱི་ན་ཟུག་མྱང་མྱོང་བ་ཞིག་དེ་བས་ཀྱང་མིན་མོད། ངས་རྒན་པ་ཚོས་དེའི་སྐོར་གྱི་གཏམ་རྒྱུད་དག་བཤད་ནས་ལ་ལ་ཞིག་གིས་མིག་མཆི་འདོན་པ་མཐོང་མྱོང་། དེ་དུས་ང་ལ་ཅི་ཡིན་མི་ཤེས་པའི་ཚོར་བ་ཞིག་གིས་གཙེས་ནས་ངས་ཚོད་ཚོད་ལ་རྒྱ་རྒན་ཞིག་ལ་རྡུང་འདོད་ཀྱི་གླེན་རྟགས་སྐྱེས་མྱོང་། ཁོ་ཚོས་བཤད་པའི་གཏམ་རྒྱུད་རིང་ཐུང་མི་གཅིག་པ་དག་ལ་ཉན་ཉན་སྟབས། ངས་ཀྱང་ཁོ་ཚོ་དང་འདས་ཟིན་པ་ཚོ་ལ་རང་བཞིན་གྱི་སེམས་ཁུར་སྐྱེས་མྱོང་།

ལྷག་དོན་ཨ་ཁུ་ནུས་བློས་དངོས་བྲིས་སྐྱིད་སྡུག་གི་དེབ་དེས་གསལ་གསལ་ཐིང་ཐིང་ཞིག་མངོན་བཅུག་པས་དེའི་སྐབས་ཀྱི་བོད་མི་གཅིག་པུ་མིན་པར་རྒྱ་ནག་ལ་ཡང་ལོ་ནག་སྲིད་ཇུས་རླུང་ནག་དེས་ཧ་ཅང་མནར་བ་མཐོང་ཐུབ། <<ནགས་ཚང་ཞི་ལུའི་སྐྱིད་སྡུག>> ནང་གི་ཨ་མ་ཞིག་གི་ཞིམ་མེད་ཀྱི་སྤོབས་པ་དང་། ལྷག་བསམ་དཀར་བོ་འདི་ལྟར་ “མ་རྒན་རང་སྲོག་ཤོར་ཡང་། བུ་ཕྲུག་སྤྱང་ཀིར་མ་སྤྲད།” ཅེས་བྲིས་ཡོད་ལ། ངས་དེ་ཀློག་ཐེངས་རེར་སྙིང་རྗེ་དང་ཡ་ང་ཞིག་གིས་མིག་ཆུ་རང་དབང་མེད་པར་ཤོར་འགྲོ། དེ་ཁྱེད་ཀྱི་ཀློག་ནའང་མིག་ཆུ་མི་ཤོར་བ་མི་སྲིད། ལྔ་བརྒྱད་ཀྱི་རླུང་ནག་དེའི་ཁྲོད་ནས་བཟའ་ཚང་ཁ་བྲལ་དང་བདེ་སྐྱིད་རྩ་རླུང་བཞིན་གཏོར་དུས་མ་བུ་དེ་གཉིས་ཀྱང་འདུག་ཡུལ་མེད་པར་འཁྱམ་སྐབས་སྤྱང་ཚོགས་དང་འཕྲད་པ་ལོས་ཡིན། སྤྱང་ཚོགས་རུབ་ནས་ཡོང་སྐབས་ཨ་མ་དེ་ཁ་ལྦུབ་ཏུ་ལོག་ནས་བྲང་ཁ་གཅེས་བའི་བུ་ཕྲུག་བཟུང་ནས་ཡོད་ལ་སྤྱང་ཚོགས་ཀྱིས་མོའི་རྒྱབ་དང་བླ། རྩིབ་མའི་ཤ་སོགས་ཟོས་ནས་རྒྱུ་མའང་ས་རུ་ལྷུང་ཡོད་པའི་སྣང་བརྙན་དེ་མཐོང་དུས་ཨ་མས་རང་ཉིད་གཞན་གྱི་ཁ་ཟས་ལ་སྦྱིན་ནས་ཕྲུ་གུ་སྐྱོབ་ཐབས་གནང་འདུག ལེའུ་དེ་མཐོང་དུས་ངས་ང་བརྒྱད་ཀྱི་ལོ་ནག་ཞིག་ངང་གིས་དྲན་ན་ཤ་གཟེར་རུས་གཟེར་རྒྱག་གིན་འདུག འདི་ལྟར་ཡུམ་ཆེན་ཚོ་ནི་སྐྱེས་པ་ལས་རླབས་ཆེ་ལ། སྐྱེས་པ་ལས་རྟུལ་ཕོད་ཆེ། སྐྱེས་པ་ཚོ་ལས་དཔའ་སྙིང་ལྡན་ཞེས་ཡིད་ཆེས་དང་བློ་སྟོབས་ཀྱིས་སྒྲོག་ཐུབ།

དེ་ན་ ༡༩༥༨ ལོའི་ནས་ལོ་ནག་མཇུག་བསྒྲིལ་རྗེས་འུ་ཚོ་བདེ་སྐྱིད་དང་གུ་ཡངས་ཐོབ་པ་རེད་དམ་ཟེར་ན་དེ་བས་ཀྱང་མ་རེད། ང་སློབ་གྲྭ་འགྲིམ་བཞིན་པའི་སྐབས་ཤིག་ནས་ “འཆར་ལྡན་བུ་སྐྱེས་” ཟེར་བའི་རྒྱ་ནག་གི་སྲིད་ཇུས་ཤིག་རླུང་དམར་བཞིན་གཡུག་གིན་འདུག ངས་དེ་དོན་ཆེར་གཏོགས་མེད་ལ་ང་ལ་མཚོན་ན་དེ་ནི་འབྲེལ་བ་ཅི་ཡང་མེད་པ་ལྟ་བུ་ཞིག་གི་ལྟ་ཚུལ་བྱུང་སྟབས། དེ་ལ་བསམ་ཤེས་དང་ཡིད་འཇོག མཐའ་ན་དབྱེ་ཞིབ་ཙམ་བྱེད་པའི་འདུན་པ་ཡང་སྐྱེས་མྱོང་མི་འདུག དེ་ནས་ལོ་ཤས་རྗེས་ལ་ངེད་ཚོའི་སྡེ་བའི་བུ་མོ་རྣམས་འཕྲལ་མར་ཚོགས་འདུ་ལ་ཡོང་དགོས་པ་དང་། དེ་ནས་རིམ་བཞིན་གྲོང་བརྡལ་ལ་སོང་ནས་གཤག་བཅོས་བྱེད་དགོས་པ་རེད་ཟེར། དེའི་ཁྲོད་ལ་ངའི་བརྩེ་བའི་གཅེན་མོ་ཡང་ཡོད་པ་རེད། དེ་ནས་ང་ཡ་མཚན་ཅུང་སྐྱེས་བྱུང་ལ་འཆར་ལྡན་བུ་སྐྱེས་ཞེས་པའི་གོ་དོན་ཡང་གཞི་ནས་གཏོགས། ཕྲུ་གུ་སྐྱེས་ཚད་ཚོད་འཛིན་དང་། ཚད་བཀག་ལས་བརྒལ་ན་ཆད་པ་ཡོད་པའི་བོད་རྩ་མེད་བཟོ་བྱེད་ཀྱི་འཆར་ལྡན་རླུང་དམར་ཞིག་ཡིན་པ་གཞི་ནས་གཏོགས། འོན་ཀྱང་རླུང་ཡན་དེ་འདི་ལྟར་གཡུག་ནས་གཤག་དགོས་པ་གཤགས་ནས་གསོད་དགོས་པ་དག་བསད་ཚར་བ་རེད། སྐྱེས་དགོས་པའི་རྣམ་ཤེས་གང་མང་ཞིག་འགག་ཚར་བ་རེད། རླུང་ནག་དེ་གཡུག་མགོ་བཙུགས་པ་དང་གཡུག་བཞིན་པ་ངས་ཤེས་མོད་གཡུག་པའི་ཁྲོད་ནས་སེམས་ཚོར་འདི་ཟེར་བ་ཞིག་དྲང་མོར་བཤད་ན་ངས་རྙེད་མ་སོང་ལ་མཐོང་ཡང་ཐུབ་མ་སོང་ཟེར་ན་མ་འགྲིག་པ་མེད།

༢༠༡༧ ཟླ་ ༢ ཚེས་ ༤ ཉིན་ངས་ཁོམ་སྐབས་དང་བསྟུན་ཏེ་ཁ་པར་གྱི་སྒོ་ཕྱེས་ནས་ “མདའ་རྫོང་རྩེད་ར་” ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་མིག་ཉུལ་ཤིག་བྱས་པ་ཡིན། དེའི་ནང་དུ་གཤིས་བཟང་བུ་མོ་ཟེར་བ་ཤིག་གིས་ང་རང་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་མ་སོང་ལ། རང་ཉིད་ཀྱི་དུས་སྐབས་དེའི་འཚོ་བའི་སྐབས་དཀའ་སྡུག་གང་མང་ཐོད་ལ་རྐང་བཙུགས་ནས་བཟོས་ཡོང་སྟབས། ཐེག་དཀའ་བའི་དུས་རིམ་ཞིག་གི་མགོ་འདི་ལྟར་གླེང་བཞིན་འདུག མུ་མཐུད་ནས་ཉན་པ་ཡིན་ “ང་ལ་བུ་བཞི་དང་བུ་མོ་གཅིག་ཡོད། ང་ནི་བྱིས་པ་ཅུང་མང་པའི་ཨ་མ་ཞིག་ཡིན” ཞེས་གླེང་གཞི་མགོ་བཙུགས་སོང་ལ། བྱིས་པ་ལྔའི་ཨ་མ་ཡིན་ཟེར་ན་དེང་གི་དུས་ཚོད་འདི་ལ་ཅུང་ཧང་སང་སང་བྱེད་པའི་དུས་ཤིག་ཡིན་སྟབས། ངས་ཀྱང་སེམས་ལ་ཕྲུ་གུ་ངོ་མ་མང་པོ་འདུག་བསམ་བྱུང་།

ཁོ་མའི་བཤད་སྟངས་ལས་རྫུན་ཚིག་དང་རང་བསྟོད་སོགས་གང་ཡང་མི་འདུག་སྟབས། གླེང་དོན་རྣམས་ལ་ཉན་སྤྲོ་བའི་འདུ་ཤེས་ཤིག་རང་བཞིན་གྱིས་སླེབས་བྱུང་། “ང་ལ་ཕྲུ་གུ་ལྔ་ཡོད་སྟབས་ང་ཁྲིམས་ལ་ཐོག་པ་” རེད་ཟེར། རྒྱ་ནག་མ་གཏོགས་རྒྱལ་ཁབ་གཞན་ཞིག་གིས་ཚིག་འདི་གོ་ན་ཧང་སང་བ་དང་ཡིད་ངོར་མི་ཤོང་པ་ཞིག་ཡིན། འོན་ཀྱང་རྒྱ་གཞུང་ལ་མཚོན་ན་འདི་ནི་རྒྱུན་ལྡན་ཞིག་ལས་གཞན་ཅི་ཡང་མིན། འདི་ནི་རྒྱ་གཞུང་གིས་ཆེད་དུ་བཙུགས་པའི་མི་འབོར་དང་རྣམ་ཤེས་འཕྲོག་པའི་སྲིད་ཇུས་ཏེ་<<འཆར་ལྡན་བུ་སྐྱེས་>>ཟེར་བའི་ལས་འགུལ་རླུང་དམར་དེ་རེད། དེའི་སྐབས་རྒྱ་གཞུང་གིས་རྣམ་ཤེས་ཚོད་འཛིན་བྱེད་རྩིས་བྱས་པ་རེད་ལ། མི་དང་མིའི་བར་གྱི་མཛའ་བ་དང་ཕོ་མོའི་འཁྲིག་སྤྱོད་ཀྱི་རང་དབང་བཙན་འཕྲོག་བྱས་པ་རེད།

གཤིས་བཟང་བུ་མོས་བཤད་རྒྱུར་ “སུན་གཙེར་དང་དཀའ་སྡུག་གང་མང་ཞིག་གི་ཁྲོད་ནས་ཕྲུ་གུ་བཞི་སྐྱེས་ཟིན་ལ། ད་དུང་བུ་མོ་ཞིག་ཀྱང་དགོས་སྙིང་འདོད་པས་སྐྱེས་སུ་བཅུག་པ་ཡིན། བུ་མོ་དེ་སྐྱེས་རྗེས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ཉེས་ཅན་པ་རེད་ཟེར་ནས་འཆར་ལྡན་ཁྲིམས་དང་འགལ་མཁན་ཚོ་ངལ་རྩོལ་བསྒྱུར་བཀོད་བྱེད་སའི་ས་ཆ་ཞིག་ཡོད་པ་རེད། དེ་རུ་ཆད་པ་ཐོག་མཁན་ཚོ་ཚང་མ་འབྱོར་ཐོ་བཀོད་པར་རྒྱ་སྒོར་ལྔ་བཅུ་སྤྲོད་དགོས་པ་དང་། ཆད་པ་ནི་ལས་ཀ་ལས་རྒྱུ་དེ་རེད། ཆད་པ་དེ་ཡོད་མཁན་ཚོ་རྒྱུག་ཤར་གློད་དགོས་པ་རེད། དེའི་རྗེས་ཞང་ནང་དུ་སོང་ནས་སྟོན་ཐོག་བསྡུས་ནས་གཡུལ་གཅོག་པ། སྤྱོད་ཁང་གཙང་བཟོ། སྲང་ལམ་འཕྱག་པ་སོགས་བྱེད་དགོས་པ་རེད། དཀའ་སྡུག་དེ་འདྲ་མང་པོ་མྱང་པའི་མཐར་ང་ཚོ་གཤག་བཅོས་བྱེད་དགོས་པ་རེད་ཟེར་ནས་བརྟག་དཔྱད་བྱས་པས་དཀོན་མཆོག་གསུམ་གྱི་བཀའ་དྲིན་ལ་བསྟེན་ནས་ངའི་སྙིང་ནད་པ་རེད་ཟེར།

སྤྱིར་ངའི་མགོ་ཐོག་ལ་སྡུག་མང་པོ་ཡོང་སྟབས་དེ་འདྲ་ཞིག་ཆགས་པ་རེད། ཡིན་ཡང་ཁོ་ཚོས་ང་ལ་ཡི་གེ་བྲིས་ནས་མཛུབ་ཐེལ་གནོན་དགོས་ཟེར། ངའི་ཕ་དྲིན་ཆེན་གྱིས་ཡི་གེ་ཅི་ཞིག་འབྲི་དགོས་པ་རེད་ཅེས་བྲིས་པས་ཁྱེད་ཀྱི་བུ་མོའི་སྙིང་ནད་པ་ཡིན་པས་ཤི་ཡང་སྐྱོན་མེད་ཅེས་འབྲི་དགོས་པ་རེད་ཟེར། དེ་ནས་ངའི་ཕ་དྲིན་ཅན་གྱིས་རྡོ་ཞིག་འཁྱེར་ཡོང་ནས། ང་ལ་བུ་མོ་འདི་གཅིག་པུ་ལས་མེད། ངའི་བུ་མོ་ཤི་དགོས་ན་ད་ལྟ་རང་ཁྱེད་རང་ཚོས་གསོད་རོགས་ཞེས་ཁོ་ཚོ་ལ་འཛིང་སྟབས་ང་གཤག་བཅོས་བྱེད་མ་དགོས་བར་ཐར་བ་རེད། དེ་ནི་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བཀའ་དྲིན་ཡིན། ང་རང་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད” ཅེས་གསུངས། མཚམས་འདིར་ངས་ཉམས་འཇོག་ཅིག་བྱེད་དུས་ངའི་མིག་མཐར་རློན་ཤར་ཤར་དུ་གྱུར་འདུག་ལ་ད་དུང་མོ་ལ་སེམས་འགུལ་དང་གདུང་སེམས་སྐྱེད་རོགས་བྱས།

ཁོ་མོའི་མི་མཐུད་གསུང་དོན་ “སྤྱིར་ང་རྩེ་ལ་དགོད་ཞིག་ཡིན་པས་ཁྱིམ་མཚེས་དང་ཡུལ་མི་ལ་འཆམ་པོ་ཡོད་པས་རྩེ་རོགས་དགོད་རོགས་བུ་མོ་མང་པོ་ཡོད། ངའི་བུ་ཆུང་གསུམ་པ་མངལ་དུ་ཡོད་དུས་གྲོགས་མོ་ཚོས་ཕྲུ་གུ་གཉིས་ཀྱིས་འགྲིག་འདུག དེ་འདྲའི་མང་པོ་ཞིག་གིས་ཅི་བྱེད། མངལ་གྱི་ཕྲུ་གུ་དེ་སྨན་ཁང་དུ་སོང་ནས་མར་དེད་ཞོག ཁོ་ཚོས་ཀྱང་ཕྲུ་གུ་གསུམ་པ་དེ་སྨན་ཁང་དུ་སོང་ནས་མེད་པ་བཟོས་ཡིན། ཞེས་བརྗོད་མཁན་འདུག ངའི་ཡུལ་ནས་སྨན་ཁང་ལ་ཧ་ཅང་ཐག་ཉེ་བོ་ཡིན། སྨན་ཁང་དེའི་ནང་དུ་སོང་ནས་བལྟས་ཚེས་ཕྲུ་གུ་གསོད་མཁན་མང་པོ་ཡོད་སྟབས། དེ་དག་མཐོང་ཚེ་སེམས་པ་སྐྱོ་སྣང་གིས་ཁེངས་འགྲོ་” ཞེས་མཚམས་འདིར་ཁོ་མོ་སྐྱོ་སྣང་དང་ཡིད་གདུང་གིས་ངུ་ངག་ལ་ཅུང་ཤོར་ཡོད་པ་རྟོགས་ཐུབ། “ང་ལ་དེ་ལྟར་བཤད་མཁན་གྱི་གྲོགས་མོ་དེ་ཚོ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་སོད་ཟེར་མཁན་གྱི་དགྲ་བོ་ངོ་མ་ཞིག་རེད་བསམ་ནས། ཡུན་གྱིས་འགྲོགས་འདྲེས་བཅད་པ་ཡིན” སྐབས་འདི་ནས་སྐྱེད་མ་ཚོ་ནི་བཤད་ཕོད་རྟུལ་ཕོད་ཅན་ཞིག་ཡིན་ཞེས་པ་ངས་འུར་དུ་བསྲིངས་མེད། ང་ངོ་མ་གཤིས་བཟང་བུ་མོའི་གཤིས་ཀ་དང་བསམ་རྒྱ། རྟུལ་ཕོད་ཀྱིས་ཡིད་འགུལ་ཐེབས་བཅུག་སོང་།

“མངལ་དུ་ཆགས་པའི་བྱིས་པ་རྣམས་མི་ཞིག་གི་འདུ་ཤེས་མི་འདུག ངོ་མ་ཡ་ང་བ་ཞིག་རེད། ངོ་མ་ཁྲེལ་གཞུང་མེད་པ་ཞིག་རེད། ང་ནི་རང་རྒྱུད་ལ་དཀོན་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་གཙང་མ་ཞིག་ཡོད་སྟབས་དཀོན་མཆོག་གི་བཀའ་དྲིན་གྱིས་དེའི་ཕྱོགས་ན་སྡུག་པ་ཞིག་མེད་བསམ་ཡོད། ཚེ་ཕྱི་མར་འགྲོ་དུས་ལག་པ་གཡུག་ནས་འགྲོ་རྐྱང་ཡིན་བསམ་ཡོད། ང་ལྟ་བུའི་ཆེས་སྤྱིར་བཏང་གི་མི་ཞིག་གིས་བསམ་ཚུལ་ཆེན་པོ་ཞིག་བཟུང་། ངས་བོད་མི་རིགས་ཀྱི་མི་གྲངས་ཀྱི་ཆེད་དུ་རང་ཉིད་ནས་མགོ་བཟུང་སྟེ་ཕྲུ་གུ་ལྔ་སྐྱེས་ན་བོད་གངས་ཅན་ན་རླབས་ཆེན་གྱི་ཡུམ་ཆེན་ཅི་འདྲའི་མང་པ་ཞིག་མེད་དམ། དེ་ཚང་མས་ཕྲུ་གུ་ལྔ་རེ་བཙས་ན་ང་ཚོ་ལ་མི་རིགས་ཀྱི་གྲངས་འབོར་ག་ཚོད་མང་དུ་མི་འགྲོའམ། ཚུལ་འདི་ལ་བསམ་བློ་བཏང་ནས་ངས་མངལ་དུ་ཡོད་པའི་ཕྲུ་གུ་རྣམས་གསོན་དུ་བཅུག་པ་ཡིན།” ཁྱེད་ཀྱིས་འདི་ལྟར་བརྗོད་དུས་ངའི་མིག་ཀོང་མཆི་མ་ཡིན་ལ་སེམས་ཁོང་ཡིད་སྨོན་དང་སྨྲེང་སེམས་ཀྱིས་ཁེངས། བཀའ་དྲིན་ཆེ་གཤིས་བཟང་བུ་མོ།

མཐའ་མཇུག་ཁོ་མོས་འདི་ལྟར་བརྗོད་བྱུང་” སྲིད་ལོས་དགོས་ང་ཚོའི་རེ་བ་བཅངས་ས་རེད། ཆོས་ཀྱང་དགོས་པ་འདུག་རང་སེམས་ལ་ཆོས་ཤིག་ཡོད་པའི་བཀའ་དྲིན་གྱིས་རྒྱལ་ཁབ་ཀྱིས་སློབ་གསོ་བཏང་ཡང་བུ་མོ་ལྔ་བཙས་ཐུབ་པ་བྱུང་། ངོ་ཚོའི་གྲོང་བརྡལ་མགོ་གཙོས་ང་མི་མང་ཁྲོད་ནས་ཡར་ལངས་དུ་བཅུག་ནས་ཕྲུ་གུ་གཅིག་བཙས་ན། ཡང་བསྐྱར་གཅིག་སྐྱེས་འཇུག་གི་འདུག་ཟེར་ནས་གཤེ་གཤེ་གཏོང་བཞིན་མིག་ནང་མཛུབ་མོ་ཀེར་བ་སོགས་ཀྱང་བྱས་མྱོང་། ཉིན་ཞིག་གི་མཚན་མོར་སྡེ་བའི་ནང་གི་ལས་བྱེད་དང་གྲོང་བརྡལ་ལས་བྱེད་སོགས་ཡོང་ནས་བཙན་ཤེད་དང་འུར་སྒྲོག་བྱས་ནས་ང་གྲོང་བརྡལ་མགོ་གཙོའི་སར་ཁྲིད་ནས་ཉེས་ཆད་སྟེར་བའི་ཡི་གེ་དང་མཛུབ་ཐེལ་སོགས་གནོན་དུ་བཅུག་སོང་ལ། ཉེས་ཆད་སྒོར་ལྔ་བཅུ་དེ་ཕྱི་ཉིན་སྤྲད་དགོས་པ་ངས་རང་ཉིད་ལ་ཡོད་པའི་སྒོར་རྡོག་དེ་དང་གཞན་གྱི་ལག་ཏུ་གཡར་བ་སོགས་བྱས་ནས་ཉེས་ཆད་སྒོར་ལྔ་བཅུ་དེ་མ་ཚང་བར་དཀའ་ལས་ངོ་མ་མྱང་སོང་། ” འ་་་་འ་་་་མཚམས་འདིར་ངས་ཞིབ་ཏུ་ལྟ་དུས་ང་སྐྱོ་སེམས་ཀྱིས་ངུ་བཞིན་འདུག ལྷག་དོན་སྒོར་ལྔ་བཅུ་དེ་དེའི་སྐབས་ཀྱི་འཚོ་བ་དང་དཀའ་སྡུག་ངོ་མ་མི་ཐེག་པ་ཞིག་ཡིན་པ་སྒོར་རྡོག་ལྔ་བཅུ་དེས་གསལ་འདོན་བྱས་བྱུང་།

ད་དུང་ཁྱོད་དང་ཁྱོད་ཀྱི་གྲོགས་མོ་གཉིས་ཀྱིས་ཉེས་ཆད་སྒོར་ལྔ་བཅུ་དེ་སྤྲད་རྗེས་རང་གི་དཀའ་སྡུག་ཁུར་ནས་ཕྲུ་གུ་གསོ་སྐྱོང་བྱེད་པའི་ཐོབ་དབང་ཙམ་ཡང་མེད་པ་འདི་ལ་ཞེན་པ་ལོག་ཞིང་། གཞུང་གིས་ཉེས་ཆད་བཅད་པའི་སྒོར་རྡོག་དེ་དག་གིས་རང་གི་ཕྲུ་གུ་རྣམས་ལ་གྱོན་ཆས་ཙམ་ཡང་ཉོ་མ་ཐུབ་པ་དེ་ལ་འཕང་སེམས་དང་ལྷན་དུ་ངུས་པ་དེ། ངོ་མ་ཅི་འདྲའི་ཡིད་གར་འོང་བའི་སྐྱོ་གར་ཞིག ཅི་འདྲའི་གཞན་སེམས་ཆེ་བའི་ཡུམ་ཆེན་ཞིག ངོ་མ་ཡིན། ཡུམ་ཆེན་ཚོ་ཁྱེད་ཚོ་བཀའ་དྲིན་ཆེ། ཁྱེད་ཅག་གིས་ངལ་བ་ཁྱད་དུ་བསད་པ་འདི་དག་མཐོང་ཐོས་བྱུང་དུས་ངའི་ཨ་མའི་ང་ཚོ་གཅེན་གཅུང་བཅུ་བཙས་པ་དོན་དག་ཆུང་ཆུང་ཞིག་མིན་པ་ཡུན་གྱིས་རྟོགས། ཨ་མ་བཀའ་དྲིན་ཆེ། ངས་ཁྱེད་ལ་སྨོན་པ་ཞིག་ལས་ཅི་ཡང་བསྒྲུབ་ཐུབ་མ་སོང་། བཀའ་དྲིན་ཆེ། ས་སྟེང་འདི་ན་ཡུམ་ཆེན་ཚོ་འཇིག་རྟེན་འདིའི་འོད་སྣང་ཡིན་ལ། འཇིག་རྟེན་འདིའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཀྱང་ཁྱེད་ཚོ་ཡིན།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese