མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་དཀར་མཛེས་ཁུལ་ནས་བོད་མི་ ༩ ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གླེང་མོལ་ཞེས་པ་ཡིས་ཕྱི་ལོ་ ༢༠༡༦ ནས་ད་བར་དུ་བོད་དཀར་མཛེས་ཁུལ་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་བོད་མི་ ༤༨ ལ་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གླེང་མོལ་(Dui Hua) སྟེང་བཀོད་པའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་སྤྲད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་བོད་དཀར་མཛེས་ཁུལ་གྱི་བོད་མི་ ༩ ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁྲིམས་ཆད་ལོ་ག་ཚོད་བཅད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་སྤེལ་མི་འདུག

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེས་རྒྱ་ནག་གཞུང་གི་གནས་ཚུལ་གཞིར་བཞག་སྤེལ་བའི་ནང་། ཁ་བྲལ་བའི་ཉེས་མིང་འོག་བོད་མི་ཆོས་དར་ལ་ཕྱི་ཟླ་༨ ཚེས་ ༣༡ ཉིན་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཕྱི་ཟླ་༨ ཚེས་༢༨ ཉིན་སྒྲོལ་མ་ཚེ་རིང་དང་གྲགས་པ། ཚེ་རིང་ཡེ་ཤེས་གསུམ་དང་། ཕྱི་ཟླ་༨ ཚེས་༧ ཉིན་སྤེན་པ་དང་ནམ་མཁའ་རྒྱལ་མཚན། པདྨ་ཚེ་ཐར་གསུམ། གཞན་ཡང་། ཕྱི་ཟླ་༧ ཚེས་ ༢ ཉིན་བུ་ཕྲུག་དང་ཕྱི་ཟླ་ ༦ ཚེས་༣༠ ཉིན་བུ་ཐར་(布达)བཅས་ལ་ཁྲིམས་ཐག་བཅད་ཡོད་པ་དང་། བོད་མི་དེ་དག་ལས་མང་ཆེ་བར་ཁ་བྲལ་བ་དང་ཁ་བྲལ་ལ་ངན་སྐུལ་བྱེད་མཁན་ཡིན་པའི་ནག་ཉེས་གཡོགས་ཡོད་ན་ཡང་། དེ་དག་ལས་སྤེན་པ་དང་ནམ་མཁའ་རྒྱལ་མཚན། པདྨ་ཚེ་ཐར་བཅས་ལ་ཁང་ཁྱིམ་མེར་སྲེག་བཏང་བའི་ནག་ཉེས་ཀྱང་གཡོགས་ཡོད་སྐོར་བཀོད་འདུག

ད་ལྟའི་ཆར་བོད་མི་དེ་དག་དུས་ནམ་ཞིག་ལ་འཛིན་བཟུང་བྱས་པ་དང་ཁྲིམས་ཆད་ཀྱི་དུས་ཡུན་སོགས་ཀྱི་གནས་ཚུལ་གསལ་པོ་བཀོད་མི་འདུག་པས། འདི་གའི་གསར་འགོད་པས་དཀར་མཛེས་ཁུལ་ཕྱོགས་ཀྱི་གནད་ཡོད་མི་སྣ་དང་དོ་འཁུར་ཅན་ཁག་ཅིག་ལ་འབྲེལ་བ་ཞུས་ཏེ་སྐད་ཆ་དྲིས་པར། མང་ཆེ་བས་གོ་ཐོས་གཏན་ནས་མ་བྱུང་སྐོར་བརྗོད་བྱུང་ལ། རེ་ཟུང་ཞིག་ནས་གོ་ཐོས་ཙམ་བྱུང་ཡང་ཞིབ་ཕྲ་གང་ཡང་ཤེས་མ་བྱུང་ཞེས་བརྗོད་ཀྱི་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་དམར་ཤོག་ཚོགས་པའི་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དེ་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ཧུར་ཐག་དང་། བོད་ནང་གི་ཁ་བྲལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་སྐོར་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། དེ་བཞིན་རྒྱ་ནག་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་པར་བཤད་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའི་དབྱང་ཅེ་ཟེར་བས། བོད་མི་ཚོས་ཏཱ་ལའི་བླ་མ་དང་ཁ་བྲལ་བའི་སིམ་འཛུལ་ལ་མཐའ་གཅིག་ཏུ་ཕལ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐའ་སྲུང་སྲ་བརྟན་སོགས་ཀྱི་ལས་དོན་སྔར་ལས་ཡག་པོ་ཡོང་དགོས་པའི་གཏམ་བཤད་བྱས་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁུལ་དུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བོད་མི་ ༤༨ ལ་ཁྲིམས་ཐག་བཅད་ཡོད་འདུག་ལ།  བོད་མི་དེ་དག་ལ་ཁྲིམས་ཐག་གཅོད་མཁན་སི་ཁྲོན་ཞིང་ཆེན་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དེ་སྔོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་ཁོང་གི་ཕྱག་རོགས་བློ་བཟང་དོན་གྲུབ་ལགས་གཉིས་ལ་སྲོག་ཁྲིམས་གཅོད་དགོས་པའི་ཐག་གཅོད་བྱས་མྱོང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist