མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱག་དཔེ་གཟིགས་མཁན་ཚོས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་སྤུས་དག་པོ་ཡོང་རྒྱུར་ཚང་མས་ཐུགས་ཁུར་སྐྱེད་ཤོག་ཨ།

བོད་ཀྱི་དུས་བབ།
༢༠༢༢/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

འབྲས་སྤུངས་སྒོ་མང་གྲྭ་ཚང་དང་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ་གཉིས་ཐུན་མོང་ནས་༧གོང་ས་མཆོག་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚེ་སྲུང་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༧གོང་ས་མཆོག་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ་ནས་བརྟན་བཞུགས་ཕུལ། ༢༠༢༢།༡༡།༣༠ སྐུ་པར། དུས་བབ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འབྲས་སྤུངས་སྒོ་མང་གྲྭ་ཚང་དང་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ་གཉིས་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། བརྟན་བཞུགས་བསྟར་འབུལ་མ་ཞུས་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་རྟེན་འབྲེལ་གྱི་རྩ་བ་གསལ་བྱེད་དེ་ཝ་ཏི་བཟང་པོའི་འདྲ་པར་ཞིག་འདི་ལ་བསྒྲིགས་པ་ཡིན། བྱས་ཙང་ཁྱེད་རང་ཚོས་ངོས་ལ་རེ་བ་བརྒྱབ་ནས་རྦད་དེ་ཚེ་རིང་པོ་ཡོང་བའི་ཆེད་དུ་བརྟན་བཞུགས་གསུང་གི་ཡོད་རེད། ཡིན་ནའང་ངོས་རང་གི་མགོན་དང་སྐྱབས་དང་དཔུང་གཉེན་མཆོག་ཏུ་གྱུར་བ་དེ་ཝ་ཏི་བཟང་པོ་རེད། འཕགས་པ་སྤྱན་རས་གཟིགས་རེད། གང་ལྟར་ངོས་རང་གང་འདྲ་ཞིག་ལ་བཞག་དང་མ་བཞག་ཟེར་བ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་ལ་ཡོད་པའི་ཟོལ་ཞིག་རེད། ཝ་ཏི་བཟང་པོ་དེ་ལྷ་སའི་ལོ་ཀི་ཤྭ་ར་ལྷ་སར་བཞུགས་ཡོད་རེད། ཝ་ཏི་བཟང་པོ་དེ་ཕར་ཚུར་རྟེན་འབྲེལ་ལྟོས་གྲུབ་ཅིག་གི་ཐོག་ནས་གང་ལྟར་ངོས་རང་གི་སྡོད་སར་བཞུགས་པ་ཞིག་ཆགས་པ་རེད། བྱས་ཙང་ངོས་ཀྱིས་ཉིན་ལྟར་ཝ་ཏི་བཟང་པོའི་སྐུ་མཇལ་ནས་སྨོན་ལམ་བརྒྱབ་བསྡད་ཀྱི་ཡོད། ངོས་ནས་ཝ་ཏི་བཟང་པོའི་ཞལ་མཇལ་དུས་ཞལ་འཛུམ་ཤིག་ཤིག་བྱས་ནས་ཡོད་བསྡད་པ་ཞིག་ཉིན་ལྟར་རེ་ཞིག་མཇལ་གྱི་འདུག དེར་བརྟེན། ཁྱེད་རང་ཚོས་ངོས་ལ་རེ་བ་བརྒྱག་གི་ཡོད་རེད་དེ། གཙོ་བོ་ཝ་ཏི་བཟང་པོའི་ཕྱག་ལ་ཡོད་བསྡད་པ་ཞིག་རེད། ང་རང་གི་ངོས་ནས་ཆ་བཞག་ནའང་། དངོས་གནས་དྲང་གནས་ཀྱིས་འཕགས་པ་སྤྱན་རས་གཟིགས་སྐབས་སུ་བབ་པ་ཝ་ཏི་བཟང་པོའི་དགོངས་པ་གང་ཡོད་པ་ནང་བཞིན་ངོས་ཀྱིས་ད་ལྟ་བར་དུ་བསྒྲུབས་པ་ཡིན། སླད་ཀྱང་ལོ་བཅུ་ཕྲག་གཉིས་གསུམ་དེ་འདྲའི་རིང་ལ་ཝ་ཏི་བཟང་པོའི་དགོངས་པ་ནང་བཞིན་ངོས་ཀྱིས་ཧུར་ཐག་འབད་ཐག་གིས་བསྒྲུབ་ཀྱི་རེད། བྱས་ཙང་ཝ་ཏི་བཟང་པོའི་གསུང་བྱོན་རྒྱུ་དང་གོམ་པ་སྤོ་རྒྱུ་ཡོད་མ་རེད། ཝ་ཏི་བཟང་པོའི་བྱིན་རླབས་ངོས་ལ་གནང་སྟེ། ཝ་ཏི་བཟང་པོའི་སྐུ་གསུང་ཐུགས་ཀྱི་སྐུ་ཚབ་དེ་ངོས་ཀྱིས་བྱེད་ཀྱི་ཡོད་རེད། ད་ལྟ་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་དང་མཐུན་པ་ཞིག་དང་མ་འོངས་པ་ལ་ཡིན་ནའང་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རེ་ག་རེ་ཡོད་པ་ནང་བཞིན་ངོས་ཀྱིས་བསྒྲུབ་བསམ་པ་ཞིག་བློ་ཐག་བཅད་སྡོད་ཀྱི་ཡོད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། དེ་རིང་ཁྱེད་རང་ཚོ་བོད་སེར་སྐྱ་མི་མང་སྤྱི་དང་། ལྷག་པར་གདན་གསུམ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ནང་བཞིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྲུང་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་གནང་གི་ཡོད་པ་རེད། འདིར་དངོས་སུ་འཁོད་མེད་པ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཚོ་ལའང་དམིགས་བསལ་གྱིས་འཚམས་འདྲི་ཞུ་ཡི་ཡིན། ང་ཚོ་བཙན་བྱོལ་བ་ཆགས་པ་དེ་ཐབས་སྐྱོ་བོ་རེད། ཡིན་ནའང་། བཙན་བྱོལ་བའི་གོ་སྐབས་འདིའི་ཐོག་ནས་འཛམ་བུ་གླིང་སྤྱི་ལ་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དངོས་གནས་མཐོང་བསླེབ་པ་ཞིག་དང་དགའ་མོས་བྱེད་ཀྱི་ཡོད་རེད། དེར་བརྟེན། གཙོ་ཆེ་ཤོས་ང་ཚོ་སེར་འབྲས་དགའ་གསུམ་བཙན་བྱོལ་དུ་ཡོད་བསྡད་པ་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཚང་མས་ཧུར་ཐག་གནང་ཤོག་ཨ། ཕྱོགས་གཅིག་ནས་བསླབ་པ་སློབ་གཉེར་དང་དཔེ་ཆ་བལྟ་རྒྱུ། གཉིས་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉིན་རེ་བཞིན་དུ་བྱམས་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཉམས་མྱོང་སྟོན་ཐུབ་པ་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏང་ཐུབ་དགོས། དེ་རིང་སྦྱིན་བདག་གི་གྲས་སུ་འབྲས་སྤུངས་སྒོ་མང་གྲྭ་ཚང་ཡོད་རེད། དེ་རིང་གོ་སྐབས་འདི་བརྒྱུད་ནས་སེར་འབྲས་དགའ་གསུམ་དང་ལྷག་པར་སྒོ་མང་གྲྭ་ཚང་གི་ཕྱག་དཔེ་གཟིགས་མཁན་ཚོས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་སྤུས་དག་པོ་ཡོང་རྒྱུར་ཚང་མས་ཐུགས་ཁུར་སྐྱེད་ཤོག་ཨ། ཞེས་བཀའ་སྩལ།

༧གོང་ས་མཆོག་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ་ནས་བརྟན་བཞུགས་ཕུལ། ༢༠༢༢།༡༡།༣༠

ཡང་མགོན་པོ་མཆོག་ནས་སྐུ་རྩེད་དང་སྦྲགས། ངོས་རང་ཆུང་ཆུང་སྐབས་སུ་ཨ་མདོ་རེད། སྐུ་འབུམ་གྱི་གྲྭ་རྒྱུན་ཆགས་ཀྱི་ཡོད་པར་བརྟེན། སྒོ་མང་གྲྭ་ཚང་ལ་འབྲེལ་བ་འདྲ་བོ་ཡོད་པ་རེད། བློ་གསལ་གླིང་དང་སེ་ར་བྱེས་ལ་འབྲེལ་བ་དམིགས་བསལ་ཡོད་མ་རེད། ངོས་རང་གི་བསམ་བློའི་ནང་ལ་སྒོ་མང་གྲྭ་ཚང་ལབ་དུས་སེམས་ཐག་ཉེ་པོ་འདྲ་པོ་ཡོད། དུས་ཚོད་གཉན་འཕྲང་དེ་འདྲའི་སྐབས་སུ་ཚང་མས་ཧུར་ཐག་གནང་སོང་།  ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་དུང་ཡང་ལོ་བཅུ་ཕྲག་གཅིག་གཉིས་རིང་ལ་ངོས་ཀྱིས་མགོ་ཁྲིད་ནས་སྡོད་ཀྱི་རེད་ལ། ཁྱེད་རང་ཚོས་དངོས་གནས་དྲང་གནས་ཀྱིས་ཐོས་བསམ་སྒོམ་གསུམ་དེ་དག་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་ཡོང་རྒྱུར་ཚང་མས་ཐུགས་ཁུར་སྐྱེད་ཤོག་ཨ། ད་ལྟ་ཡག་ཐག་ཆོད་རེད། སེར་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ་ཚང་མ་ཡག་ཐག་ཆོད་རེད། ད་དུང་ཡང་ཚང་མས་ལྷོད་གཡེང་མ་སོང་བར་གཟབ་གཟབ་གནང་ཤོག དེ་ཙམ་དུ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་བསྡད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་པ་ཚོས། ངོས་ཀྱིས་ཐོག་མཐའ་བར་གསུམ་ལ་དཔེ་ཆ་ལྟ་དགོས་རེད་གདའ་ཟེར་ནས་གཞེན་སྐུལ་ཞུ་ཡི་ཡོད་ལ། གཞེན་སྐུལ་ཞུས་པ་དེ་དང་དུ་བླངས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་གིས་འཆད་རྩོད་རྩོམ་གསུམ་གྱི་ཆོས་ཀྱི་བྱ་བ་ག་ཚོད་ཐུབ་ཐུབ་ཀྱིས་བསྒྲུབ་ཀྱི་འདུག་བཱ། ཡག་པོ་ཞེ་དྲགས་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་དུང་ཡང་ཚང་མས་ལྷོད་གཡེང་མ་སོང་བར་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

བསླབ་པ་སློབ་གཉེར་ཐོག་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་བཅོམ་ལྡན་འདས་ཀྱི་ན་བཟའ་བཞེས་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་བྱས་ནས་ཉམས་ལེན་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་འདུག གདན་ས་ཚོས་ད་ལྟ་བར་དུ་ཧུར་ཐག་གནང་གི་ཡོད་རེད་ལ། ད་དུང་ཡང་ཧུར་ཐག་གནང་ཤོག་ཨ། ཚང་མས་ཕྱག་དཔེ་གཟིགས་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། འཛམ་བུ་གླིང་འདིའི་སྒང་ལ་ཕལ་ཆེར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སློབ་གཉེར་གྱི་ཐོག་ལ་བོད་པ་ལས་ལྷག་མེད་བསྡད་པ་ཞིག་གསལ་པོ་ཞེ་དྲགས་རེད། བོད་ནང་ལ་ཆ་བཞག་ན་རང་དབང་ཡོད་མ་རེད། ང་ཚོ་རང་དབང་ལུང་པའི་ནང་ཡོད་བསྡད་པ་དེ་དག་གིས་སེམས་ཤུགས་སྒྲིལ་ནས་ཧུར་ཐག་བྱོས་དང་། བོད་ནང་ལོགས་ལ་ཤུགས་རྐྱེན་ཏན་ཏན་ཐེབས་ཀྱི་ཡོད་པ་རེད། ད་དུང་བོད་ཙམ་དུ་མ་ཟད་ཆེན་པོ་ཧོར་གྱི་སོག་པོའི་ཡུལ་ཁག་དེ་དག་ཀྱང་སྔ་མོ་ནང་པ་སངས་རྒྱས་པའི་བོད་ཀྱི་ཆོས་ལ་འབྲེལ་བ་ཡོད་བསྡད་པ་རེད། ཁ་སང་ངོས་རང་སོག་པོ་ཚོ་དང་ཐུག་པ་ཡིན། འཛམ་གླིང་འདིའི་སྒང་གི་སངས་རྒྱས་བསྟན་པ་ཆ་ཚང་བ་དང་སྤུས་དག་པོ་ཞིག་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག གཞན་ཝེ་ཊི་ནམ་དང་འབར་མ། ཤྲི་ལངྒ་སོགས་ལ་ནང་པའི་ཆོས་ཡོད་རེད་དེ། དེ་འདྲའི་ཞིབ་ཚགས་པོའི་ཐོག་ལ་སློབ་སྦྱོང་བྱས་ནས་སེམས་ཀྱི་གཏིང་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བརྟན་པོ་ཐོབ་ནས་ཉམས་ལེན་བྱེད་མཁན་དེ་ཕལ་ཆེར་བོད་པ་ཡག་ཤོས་རེད་འདུག དེར་བརྟེན། ད་ལྟ་བར་དུ་ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་གནང་རོགས་གནང་ཞེས་ཞུ་འདོད་བྱུང་། ལུས་པོའི་ཆ་ནས་ངོས་རང་བྱང་ཕྱོགས་ལ་བསྡད། གདན་ས་ཚོ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་རེད། ལུས་པོའི་སྟེང་ནས་ང་ཚོ་ཕར་ཚུར་ཐག་རིང་པོ་ཡོད་རེད་དེ། དེང་སང་འཕྲུལ་ཆས་དེ་ཚོའི་གྲས་ཀྱིས་བརྙན་འཕྲིན་ (television) དང་ཁ་པར་ (mobile) བརྒྱུད་ནས་སྐད་ཆ་བཤད་རྒྱུ་ཡོད་པ་རེད། གང་ལྟར་ལུས་པོ་ཐག་རིང་ལུགས་ཀྱི་སྐད་ཆ་གང་ཡང་མི་འདུག ང་ཚོ་སེམས་ཐག་ཉེ་པོའི་ཐོག་ནས་སྐད་ཆ་བཤད་ནས་བགྲོ་གླེང་བྱ་རྒྱུ་ཡོད་རེད། དེར་བརྟེན་ཚང་མས་ཐུགས་བདེ་པོ་བྱོས། སློབ་གཉེར་མུ་མཐུད་དུ་གནང་རོགས་ཞེས་བཀའ་སློབ་སྩལ།

བརྟན་བཞུགས་འདེགས་འབུལ་གྲུབ་རྗེས་༧གོང་ས་མཆོག་གིས། ངོས་རང་ད་ཅི་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་ལབ་དུས་སེམས་ཞེ་དྲགས་སྐྱོ་ནས་མིག་ཞག་འཁོར་སོང་། ང་ཚོ་ཚང་མས་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་པ་རེད། གཙོ་ཆེ་ཤོས་བོད་གངས་ཅན་གྱི་ལྗོངས་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་ཚང་མས་ངོས་ལ་དད་པ་དང་མོས་པ། དགའ་ཞེན་གཡོ་བ་མེད་པ་རེད། དེར་བརྟེན། འདི་ཐུགས་ལ་བརྟེན་ནས་བོད་གངས་ཅན་གྱི་བསྟན་པ་དངོས་གནས་དྲང་གནས་ཀྱིས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་འདི་འཛམ་གླིང་ཡོངས་ལ་ཁྱབ་མགོ་འཛུགས་ཡོང་གི་འདུག འདི་ཏན་ཏན་ཡོང་གི་རེད། བོད་སྐྱོང་ལྷ་སྲུང་དེ་དག་ངོས་ཀྱིས་མགོ་ཁྲིད་ནས་ལས་ཀ་བྱེད་ཀྱི་ཡོད་རེད། ད་ཅི་གནས་ཆུང་ཆོས་སྐྱོང་སྐུ་ཕེབས་པ་རེད་ལ། ངོས་ཀྱི་རེ་འདུན་དང་དམིགས་ཡུལ་ཡོད་པ་འདི་ཚང་མའི་བསམ་ཚུལ་གཅིག་པ་རེད། དེ་འདྲ་སོང་ཙང་བོད་གངས་ཅན་ལྗོངས་ཀྱི་ལྷ་མི་ཡོངས་རྫོགས་ལ་༧རྒྱལ་བ་རིན་པོ་ཆེར་བསམ་ཚུལ་ག་རེ་ཡོད་པ་དེ་དག་ཇི་བཞིན་བསྒྲུབ་ཐུབ་པ་ཞིག་ལྷ་སྲིན་སྡེ་བརྒྱད་ཚང་མས་ཧུར་ཐག་བྱེད་ཀྱི་ཡོད་རེད། བདེན་པའི་མཐའ་ཏན་ཏན་གསལ་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨ། ཞེས་བཀའ་སྩལ་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༧ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese