མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་འབྲི་རུ་རྫོང་དུ་སྔར་ལྷག་དམ་དྲག་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྔར་ལོ་ནས་བཟུང་འབྲི་རུ་རྫོང་དུ་དམག་མི་འགྲེམས་འཇོག་གིས་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་དམ་དྲག་བྱེད་ཀྱིན་པར་མ་ཟད། ཉེ་ལམ་གཏན་འབེབས་ཁག་གཉིས་ཟེར་བའི་ཡིག་ཆ་དྲིལ་བསྒྲགས་དང་འབྲེལ་སྔར་ལྷག་དམ་དྲག་བྱེད་ཀྱི་ཡོད་འདུག

རྒྱ་གཞུང་གིས་སྔར་ལོ་ནས་བཟུང་ནགས་ཤོད་འབྲི་རུ་རྫོང་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་བོད་མི་ཚོ་གང་བྱུང་འཛིན་བཟུང་བྱེད་ཀྱིན་པར་མ་ཟད། འདི་ལོའི་ཕྱི་ཟླ་ ༦ པའི་ནང་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གིས་༼ འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་ “གཏན་འབེབས་ཁག་གཉིས་” ཀྱི་དྲིལ་བསྒྲགས་ལག་དེབ༽ ཅེས་པ་ཞིག་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག དོན་ཚན་ ༢༦ ཡོད་པའི་ཡིག་ཆའི་ལེའུ་དང་པོའི་ སྤྱིའི་རྩ་དོན་ཞེས་པའི་ནང་། རང་འཚམ་གྱིས་རྒྱལ་མཚམས་ལས་བརྒལ་ཏེ་ ” སྨོན་ལམ་ཆེན་མོའི་ “བྱེད་སྒོ་ཞུགས་པ་དང་། དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ། གནོད་སྐྱོན་ཅན་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ། རང་འཚམ་གྱིས་ལྗོངས་ཕྱི་ཕྱོགས་སུ་ཆོས་ལུགས་སློབ་སྦྱོང་བྱེད་པར་འགྲོ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། འབྲི་རུའི་སྤྱི་ཚོགས་དུས་བབ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ། དེ་བཞིན་ << ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས >> དང་ << ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས >>།

<< ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རྒྱལ་མཚམས་ནས་འགྲོ་སྐྱོད་བྱེད་པར་དོ་དམ་བྱེད་པའི་བཅའ་ཁྲིམས >>། (ཆོས་ལུགས་ལས་དོན་སྲོལ་ཡིག) ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས)། <<སྤྱི་ཚོགས་དོ་དམ་སློབ་གསོ་དང་བཅོས་སྐྱོང་ལས་ཀའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར>>། <<བོད་བརྒྱུད་ནང་བསྟན་གྲྭ་བཙུན་གྱི་དགོངས་ཞུ་དགོངས་ཐིམ་གྱི་གནས་སྐབས་བྱ་ཐབས>>། <<གྲྭ་བཙུན་ལྗོངས་ཕྱི་ཕྱོགས་སུ་ཆོས་ལུགས་སློབ་སྦྱོང་བྱེད་པར་བསྐྱོར་པར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་བརྡ་ཐོ>>། དེ་བཞིན་ཁྲིམས་སྒོ་ནས་རྒྱལ་མཚམས་ལས་བརྒལ་ཏེ་ “མི་ཆོག་པ་གཉིས “€། བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་སྤྱི་དམངས་ཡིན་ཕྱིན་ཁྲིམས་འགལ་གྱིས་རྒྱལ་མཚམས་ནས་བརྒལ་ཏེ་ཕྱི་རྒྱལ་དུ་ཕྱིན་པ་ཚང་མ་ཕྱིར་ལོག་བྱས་མི་ཆོག་པ། སྐོར་གྱི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིང་བཟུང་འབྲི་རུའི་དོན་དངོས་གནས་ཚུལ་དང་བསྟུན་ནས་གཏན་འབེབས་འདི་བཟོས་ཡོད། ཅེས་འཁོད་འདུག

ཡིག་ཆའི་ནང་། རྒྱལ་ཁབ་དང་མི་རིགས་ཁ་བྲལ་གཏོང་བ་སོགས་ཀྱི་གཏམ་བརྗོད་དང་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་རིགས་དང་། ངོ་ལོག་དྲིལ་བསྒྲགས་དང་དངོས་པོ་བཟོ་སྒྲིག ཕྱིར་འཚོང་དང་དབོར་འདྲེན་བྱེད་པ། སྦྲགས་ཐོག་ནས་བསྐུར་བ། བརྒྱུད་སྤེལ་བྱེད་པ། ཁྲིམས་འགལ་གྱི་ཉར་ཚགས་བྱེད་པའི་རིགས། སྤྱི་ཚོགས་དང་དྲ་ཐོག་ཏུ་ཀུན་གྱིས་དོ་སྣང་བྱེད་པའི་གླེང་ཕྱོགས་ལ་དམིགས་ནས་དཀྲོག་གཏམ་བཟོ་བ། དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ། ངན་སྐུལ་བསླུ་བྲིད་བྱེད་པ། གནོད་སྐྱོན་ཅན་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་རིགས། ཏྰ་ལ་སྐུ་ཕྲེང་བཅུ་བཞི་བ་དང་དེའི་ཁ་བྲལ་རིང་ལུགས་ཀྱི་རུ་ཚོགས་ལ་བསྟོད་གླུ་ལེན་པའི་གནོད་སྐྱོན་ཅན་གྱི་གཏམ་བརྗོད་དང་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་རིགས། ཏྰ་ལ་སྐུ་ཕྲེང་བཅུ་བཞི་བ་དང་དེའི་ཁ་བྲལ་རིང་ལུགས་ཀྱི་རུང་ཚོགས་པས་སྤེལ་བའི་འབྲེལ་ཡོད་བྱེད་སྒོའི་གནོད་སྐྱོན་ཅན་གྱི་གཏམ་བརྗོད་དང་ཆ་འཕྲིན་རིགས་བརྒྱུད་སྤེལ་དང་ཁྱབ་སྤེལ་བྱེད་པའི་རིགས། དོན་དངོས་དང་མི་མཐུན་པའི་གཏམ་བརྗོད་དང་གནོད་སྐྱོན་ཅན་གྱི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ། བརྒྱུད་བཅས་བྱས་ཏེ་མ་རུངས་ཁོག་བཅངས་ཀྱིས་ཏང་གི་བོད་སྐྱོང་སྲིད་ཇུས་ལ་དམའ་འབེབས་བྱེད་པའི་རིགས་བཅས་ཁྲིམས་ལུགས་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། དུས་ཡུན་ལོ་གཉིས་རིང་གི་དབྱར་རྩ་དགུན་འབུ་སྔོག་འཐུ་ཆོག་པའི་ཐོབ་ཐང་དང་དམངས་ཕན་སྲིད་ཇུས་ཁག་ལོངས་སྤྱོད་བྱ་རྒྱུའི་ཐོབ་ཐང་མེད་པ་བཟོ་དགོས། ཉེས་དོན་ཆད་གཅོད་མ་ཕོག་པའི་མི་སྣར་བཙན་སྐུལ་སྒོ་ནས་དུས་ཡུན་ཟླ་ ༦ རིང་ཁྲིམས་ལུགས་གསོ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན། ཞེས་འཁོད་འདུག

ད་དུང་ཡིག་ཆ་དེའི་ནང་། རྒྱལ་མཚམས་ལས་བརྒལ་ཏེ་སྨོན་ལམ་ཆེན་མོའི་བྱེད་སྒོར་ཞུགས་མིས་གཤམ་གསལ་བྱ་སྤྱོད་རིགས་སྤེལ་ཚེ་འབྲེལ་ཡོད་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། རྒྱལ་མཚམས་ལས་བརྒལ་བའི་མི་དང་དེའི་ཕ་མ། བཟའ་ཟླ། བུ་ཕྲུག་བཅས་ལ་དུས་ཡུན་ལོ་ ༣ ནས་ ༥ བར་གྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་མི་ཆོག་པའི་ཐོབ་ཐང་དང་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན། ཉེས་དོན་ཁྲིམས་ཆད་མ་ཕོག་པའི་མི་སྣར་དུས་ཡུན་ཟལ་ ༦ རིང་གི་ཁྲིམས་ལུགས་གསོ་སྦྱོང་སློབ་གསོ་སྤེལ་དགོས། ཞེས་སོགས་འཁོད་འདུག

འདི་ལོའི་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་ས་གནས་བོད་མི་ ༡༠༠ ཡས་མས་ཤིག་ཉེས་མིང་སྣ་ཚོགས་བཀལ་ནས་བཙོན་འཇུག་དང་ཁྲིམས་ཐག་བཅད་ཡོད་པ་དང་། བོད་མི་ཁག་ཅིག་འཛིན་བཟུང་བྱས་ཏེ་ཟླ་བརྒྱད་དགུ་འགོར་ཡོད་ཀྱང་། ད་ཆར་ཡང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་ལ། ཉེ་ལམ་ས་གནས་བོད་མི་མང་པོ་ཞིག་དུས་ཐུང་བཀག་ཉར་དང་། ཟླ་ཤས་རིང་བཙན་དབང་ཐོག་ཁྲིམས་ལུགས་སློབ་གསོ་སྤེལ་བ། གང་བྱུང་དངུལ་གྱི་ཆད་པ་གཅོད་པ། ཐོབ་ཐང་ལག་ཁྱེར་བཙན་འཕྲོག་བྱས་པ། ས་གནས་ཀྱི་ཁ་པར་དང་བརྒྱུད་ལམ་སོགས་ལ་སྟངས་འཛིན་ལྟ་རྟོག་དང་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག

སྔར་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་གཞུང་གིས་འབྲི་རུ་རྫོང་ཚྭ་ཆུ་ཤང་ལྟར་མོས་དགོན་པའི་གྲྭ་སྐལ་བཟང་ཕྱོགས་གླང་ལ་ཁྲིམས་འགལ་ཐོག་འདུ་འཛོམས་སུ་ཞུགས་པའི་ཉེས་མིང་འོག་ལོ ༡༠ ཁྲིམས་ཆད་དང་། ཟླ་ཐང་ཤང་གི་རྡོ་རྗེ་དྲག་རྩལ་ལ་ནགས་ལྷ་འཛམ་བྷའི་གཏེར་སྔོག་ངོ་རྒོལ་ནང་ཞུགས་པ་དང་སྒོར་མོ་ཁྲིམས་འགལ་གྱི་ཕྱོགས་ལ་བཏང་བའི་ཉེས་མིང་འོག་ལོ་ ༡༡ ཁྲིམས་ཆད། ཟླ ༩ པའི་ནང་འབྲི་རུ་རྫོང་ཚྭ་ཆུ་ཤང་གི་རྒན་པོ་ཟླ་གཡང་ལ་རྒྱ་གཞུང་གི་གཤམ་སྐྱོད་ཆབ་སྲིད་འཁྲབ་སྟོན་རུ་ཁག་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ལོ་ ༢ དང་ཕྱེད་ཀའི་ཁྲིམས་ཆད། ཟླ་ ༡༠ ཚེས་ ༡༡ ཉིན་རྒྱ་གཞུང་གིས་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ཚོ་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་ཞོགས་དྲིལ་དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རང་སྐྱོང་ལྗོངས་མགོ་ཁྲིད་ལ་རྒོལ་གཏམ་དང་ཁ་བྲལ་བར་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པར་མ་ཟད། ཞོགས་དྲིལ་ལ་ལོ་ ༡༣ དང་། གཡུལ་རྒྱལ་ལ་ལོ་ ༡༠ ཁྲིམས་ཐག་བཅས་བཅད་ཡོད།

ཟླ་ ༡༡ ནང་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་བསྟན་འཛིན་རང་གྲོལ་དང་སྟོབས་ལྡན། གྲྭ་དཀོན་མཆོག་ཆོས་འཕེལ་བཅས་ལ་ཏཱ་ལའི་བླ་མ་དང་འབྲེལ་བ་བྱས་པ་དང་། ཁ་བྲལ་བའི་ཉེས་མིང་འོག་གྲྭ་དཀོན་མཆོག་ཆོས་འཕེལ་ལ་ལོ་ ༥ དང་། བསྟན་འཛིན་རང་གྲོལ་དང་སྟོབས་ལྡན་གཉིས་ལ་ལོ་ ༦ རེའི་ཁྲིམས་ཆད། ཟླ་ ༡༡ པའི་ཚེས་ ༢༣ ཉིན་འབྲི་རུ་རྫོང་ཚྭ་ཆུ་ཤང་ལྟར་མོས་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་བཙན་འཁྲིད་བྱས་ཡོད་པར་མ་ཟད། ཟླ་ ༡༢ ཚེས་ ༡༧ ཉིན་གསལ་བཤད་ཚིག་གཅིག་མེད་པར་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད།

ཟླ་ ༡༢ ནང་འབྲོང་སྣ་དགོན་པའི་རྒན་ཐར་འདོད་རྒྱལ་མཚན་མི་ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་དང་། འབྲི་རུ་གྲོང་རྡལ་གྱི་ཆོས་ཁྱབ་གཏེར་ཁ་སྔོག་འདོན་ངོ་རྒོལ་བྱེད་མཁན་གྱི་གཏེ་བོ་ཡིན་པའི་ཉེས་མིང་འོག ལོ ༡༣ ཁྲིམས་ཆད། འཕྲིན་ལས་ཚེ་དཀར་ལ་ཁྲིམས་འགལ་གླུ་གཞས་བཀྲམས་པའི་ཉེས་མིང་འོག་ལོ ༩ ། ཚེ་ལྷར་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ ༣ བཅས་ཀྱི་ཁྲིམས་ཆད་བྱས་ཡོད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་འབྲི་རུ་རྫོང་འབྲི་རུ་ཤང་སྨོན་ཁྱིམ་གྲོང་གི་རིག་གསར་དང་ངག་གྲགས་གཉིས་ལ་ལོ་༡༠ རེའི་ཁྲིམས་ཐག་དང་། རྒྱལ་དར་འཛུགས་རྒྱུར་དགག་པ་བྱས་པའི་ཉེས་མིང་འོག་སྨོན་ཁྱིམ་གྲོང་དཔོན་ཁྲི་རྒྱལ་ལ་ལོ ༡༣ ཁྲིམས་ཐག་བཅས་ཡོད་འདུག བོད་མི་དེ་དག་ལ་ཁྲིམས་ཆད་གཅོད་སྐབས་ནང་མི་ཉེ་འབྲེལ་སུ་གང་ལའང་ནག་ཉེས་འགྲེལ་བརྗོད་སོགས་བྱས་མེད་པར་མ་ཟད། ནང་མི་ཉེ་འབྲེལ་དང་ཁྲིམས་རྩོད་པ་སོགས་གང་ཡང་མེད་པའི་ཐོག་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. ཐོ་རེངས། says:
    ལོ་ 12 སྔོན།

    སྤྱིར་བརྟན་བཞུགས་ཕུལ་ན་ཡག་པོ་རེད། རྗེས་སུ་ཡིད་རིང་ཡོད། འོན་ཀྱང་བརྟན་བཞུགས་ཀྱི་གཙོ་བོ་གོང་ས་མཆོག་གི་བཀའ་དགོང་སྒྲུབ་རྒྱུ་དེ་གཙོ་བོ་ཡིན་ཁོང་གིས་ཡང་ཡང་ཐུགས་ནན་མོའི་སྒོ་ནས་གསུང་བཞིན་པ་དེ་རེད། དེ་ཁྱེད་རང་ཚོའི་སེམས་ནས་མ་བརྗེད་ན་བཟང་། དེ་མིན་ཁ་ནས་བརྟན་བཞུགས་ཕུལ་མདོག་དང་། དོན་ལ་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོས་འཁྱོག་འགྲེལ་བྱེད་པ་དང་། མ་ཟད་བརྟན་བཞུགས་ལ་ཁ་གཡེལ་ནས་རང་གི་ཆོས་བརྒྱད་སྣ་ཚོགས་པ་ཞིག་བསྒྲུབ་ཐབས་བྱས་ན་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་ལ་ཕན་གནོད་གང་འབྱུང་བཤད་དཀའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese