དུས་ཚོད་ ༡༡ སྔོན་ལ་སྤེལ། རིག་ པ། (༩) འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཞེངས་སྐྲུན་གནང་བའི་རྒྱལ་གཅེས་དཔའ་བློའི་དྲན་རྟེན་རྡོ་རིང་ དེ་ཉིད་ལེགས་འགྲུབ་བྱུང་སྟེ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད། དུས་ཚོད་ ༡༣ སྔོན་ལ་སྤེལ། རིག་ པ། (༧) ནོར་གླིང་མཐོ་སློབ་ཀྱི་ཟུར་ཞུགས་སློབ་མ་བློ་བཟང་ཆོས་སྐྱབས་ལ་རྒྱ་གར་ཡུལ་མི་ཞིག་གིས་གཅར་རྡུང་དྲག་པོ་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་འདུག ༢༠༡༠/༠༣/༠༩ རིག་པ། (༢༠) དེ་རིང་ཞོགས་པ་བོད་ལྗོངས་ཆ་འཕྲིན་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་བོད་རིགས་སྲི་ཐར་གྱིས་ཀྲུང་དབྱང་གིས་ད་ལོ་ནས་འབྱུང་འགྱུར་ལོ་ལྔའི་རིང་བོད་ལྗོངས་འཛུགས་སྐྲུན་ཆེད་རྒྱ་སྒོར་དུང་ཕྱུར་སུམ་སྟོང་ ༣༠༠༠༠༠༠༠༠༠༠༠ གཏོང་འཆར་ཡོད་པའི་གསལ་བསྒགས་བྱས་འདུག ༢༠༡༠/༠༣/༠༨ རིག་པ། (༩) དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གཙོས་པའི་དཔལ་ལྡན་སྟོད་བརྒྱུད་གྲྭ་ཚང་གི་དགེ་འདུན་པ་ཐུན་མོང་ནས་སྤྱི་ནོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ༢༠༡༠/༠༣/༠༨ རིག་པ། (༢) ལྷོ་ཁ་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། བོད་རིགས་མཇལ་སྐོར་བ་མི་ ༢༦ ཙམ་རྐྱེན་འདས་སུ་སོང་ཡོད་པ་དང་། གཞན་མི་ ༩ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག ༢༠༡༠/༠༣/༠༨ རིག་པ། (༡༧) ཁ་སང་ཕྱི་ཚེས་ ༧ ཉིན་པེ་ཅིན་དུ། མདོ་སྨད་རེབ་གོང་ཐོ་རྒྱ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༥༦ ཅན་གྱི་བོད་རིགས་བུད་མེད་ཞིན་ཆོན་མེ་ཟེར་བ་ཞིག་གིས། བུད་མེད་ཀྱི་མི་གཤིས་ལ་ཆ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་། རང་དབང་འདྲ་མཉམ་དགོས་པའི་སྐོར་གྱི་ངོ་རྒོལ་ཞུ་གཏུགས་བྱས་འདུག
༢༠༡༠/༠༣/༠༨ རིག་པ། (༡) ཝི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་ཀྱིས་བོད་ཀྱི་ཉིན་མོ་སྲུང་གཙིའི་ཆེད་གྲོས་ཆོད་བཞག་ཡོད་པ་རེད། ༢༠༡༠/༠༣/༠༨ རིག་པ། (༥) བལ་ཡུལ་དོན་གཅོད་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་གཟའ་ཉི་མའི་ཉིན་ཉེན་རྟོག་པས་འཇུས་ཏེ་ཆུ་ཚོད་ཁ་ཤས་རྗེས་གློད་ཡོད་འདུག ༢༠༡༠/༠༣/༠༧ རིག་པ། (༧) དེ་རིང་བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བོད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཕྱོགས་སྒྲིག ༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་པེ་དེབ་དང་བོད་ནང་བྲིས་པའི་རྩོམ་ཡིག་དབྱིན་བསྒྱུར་མ་ཞིག་བཅས་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད། ༢༠༡༠/༠༣/༠༦ རིག་པ། (༡༠) ཐའེ་ཝན་དུ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་གནད་དོན་ཐོག་བགྲོ་གླེང་གནང་ཡོད་ འདུག ༢༠༡༠/༠༣/༠༥ རིག་པ། (༩༥) མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ བ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད། ༢༠༡༠/༠༣/༠༥ རིག་པ། (༥) རྒྱ་ནག་གཞུང་གིས་མུ་མཐུད་དེ་མི་རིགས་རྩ་མེད་དང༌རིག་གཞུང་རྩ་མེད། འབྱུང་ཁམས་རྩ་མེད་སོགས་རྩ་མེད་གསུམ་གྱི་ངན་གཡོའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད། ༢༠༡༠/༠༣/༠༤ རིག་པ། (༩) རྒྱ་གཞུང་གིས་བླ་བྲང་དགོན་པའི་གྲྭ་ཐབས་མཁས་རྒྱ་མཚོའམ་དུས་འཁོར་ཐབས་མཁས་ལ་ ལོ་བཅོ་ལྔའི་ཁྲིམས་ཐག་བཅད་འདུག
༢༠༡༠/༠༣/༠༤ རིག་པ། (༤) ཟླ་སྔོན་མའི་ཟླ་དཀྱིལ་ཙམ་ལ་ཁམས་སོག་རྫོང་ར་རྟ་གྲོང་ཚོའི་བོད་མི་བཀྲ་ཤིས་རང་ལོ་༢༤ ཡིན་པ་ཁོང་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཏེ། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག ༢༠༡༠/༠༣/༠༤ རིག་པ། (༤) རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོཊ་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོཊ་འདུ་ཐེངས་གསུམ་པ་གཉིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་ཡོད། ༢༠༡༠/༠༣/༠༤ རིག་པ། (༤) ཉི་ཧོང་གི་རྒྱལ་ས་ཊོག་ཀྱོར་བོད་དང་ཉི་ཧོང་སྨན་པའི་བར་ལྟ་ཚུལ་བརྗེ་རེས་ཀྱི་ བགྲོ་གླེང་ཞིག་འཚོགས་ཡོད་འདུག
༢༠༡༠/༠༣/༠༤ རིག་པ། (༣) དེ་རིང་ཞོགས་པ་ཐའེ་ཝན་ལ་ས་ཡོམ་རིམ་པ་ ༦།༤ ཅན་ཞིག་བརྒྱབས་ཡོད་འདུག ༢༠༡༠/༠༣/༠༤ རིག་པ། (༥) བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཐོངས་ཆེན་སྤྲད་ཡོད་ མི་འདུག ༢༠༡༠/༠༣/༠༤ རིག་པ། (༤) ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་སྨད་དང་རྔོག་རྒྱལ་མོ་དགོན། ཀླུ་ཤོད་སོགས་སུ་ཆང་རག་དང་ཐ་མག་གཅོག་པའི་ལས་གུལ་ཞིག་སྤེལ་བཞིན་ཡོད་འདུག ༢༠༡༠/༠༣/༠༤ རིག་པ། (༤) རྫ་ཆུ་ཁ་དབོན་པོ་དགོན་དུ་སྨོན་ལམ་ཆེན་མོའི་ཉིན་ཐ་མ་བྱམས་པ་གདན་འདྲེན་སྐབས། དཔོན་པོ་རྫ་ཉིན་སྲིབ་གཉིས་ཀྱི་མི་མང་སྟོང་ཕྲག་བཞི་ལྷག་འཛོམས་ཏེ་བོད་རང་བཙན་སྐད་འབོད་བསྒྲགས་ཡོད་ འདུག ༢༠༡༠/༠༣/༠༣ རིག་པ། (༣) ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་སྐོང་ཚོགས་བྱས་པ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་ལ་འཕུར་མཆོང་རང་བཞིན་གྱི་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན་ཡོད་ཟེར། ༢༠༡༠/༠༣/༠༣ རིག་པ། (༩) ཕྱི་ཚེས་ ༢ ཉིན་ཨ་རི་དང་ཉི་ཧོང་། ཨབ་གྷ་ནི་སི་ཐན། ཧོང་ཀུང་། ཨའོ་མིན། དེ་བཞིན་རྒྱ་ནག་ནང་ལོགས་བཅས་ཀྱི་གསར་འགོད་པ་ ༡༥ ཙམ་ལྷ་སར་གནས་ཚུལ་རྟོག་ཞིབ་ཆེད་འཁྲིད་ཡོད་འདུག ༢༠༡༠/༠༣/༠༢ རིག་པ། (༩) ཧོང་ཀོང་གི་མཐོ་རིམ་སློབ་ཆེན་སློབ་མ་བརྒྱ་ཆ་ ༡༠༠ ཡིས་དུད་ནག་སྤྱོད་མྱོང་ཡོད་པ་རེད། ༢༠༡༠/༠༣/༠༢ རིག་པ། (༣) རྒྱ་ནག་གཞུང་འབྲེལ་ཤེས་ལྡན་མི་སྣ་དག་གིས་ཁྲིམས་སྲིད་སྐོར་གྱི་དེབ་ལྗང་ཁུ་ ཞིག་འགྲེམས་སྤེལ་བྱས་ཏེ། རུལ་སུངས་དང་ནག་ཉེས་ཀྱི་བྱ་སྤྱོད་ཇེ་མང་དང་སྤྱི་ཚོགས་བདེ་སྲུང་ལས་དོན་ཉམས་ ཉེས་སུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་འདུག ༢༠༡༠/༠༣/༠༢ རིག་པ། (༡) རྒྱ་ནག་གི་སྒྱུ་རྩལ་བ་ ༢༠ ལྷག་གིས་ལག་ཏུ་འཕྲེད་དར་འཕྱར་ཏེ་ཁྲང་ཨན་གཞུང་ལམ་སྟེང་དུ་རྔམ་སྟོན་ཁྲོམ་ སྐོར་བྱས་ཏེ་རུལ་སུངས་སུ་འགྱུར་བཞིན་པའི་རྒྱ་ནག་གི་སྤྱི་ཚོགས་ལ་ངོ་རྒོལ་ གྱི་རྣམ་པ་བསྟན་ཡོད་པ་རེད། ༢༠༡༠/༠༣/༠༢ རིག་པ། (༢) ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཧི་པེ་ཞིང་ཆེན་དུ་ཡོད་པའི་ལིན་ཧྭ་ཕྱེ་རྩམ་བཟོ་གྲྭར་གས་གཏོར་དོན་ རྐྱེན་བྱུང་སྟེ། མི་ ༡༣ རྐྱེན་འདས་སུ་གྱུར་འདུག
|